Home
Categories
EXPLORE
True Crime
Comedy
Society & Culture
Business
Sports
TV & Film
Health & Fitness
About Us
Contact Us
Copyright
© 2024 PodJoint
00:00 / 00:00
Sign in

or

Don't have an account?
Sign up
Forgot password
https://is1-ssl.mzstatic.com/image/thumb/Podcasts211/v4/14/71/bb/1471bb8a-5e13-7645-d954-1e0cb2e52f89/mza_11835888107891037418.jpeg/600x600bb.jpg
SBS Tibetan - SBS བོད་སྐད་སྡེ་ཚན།
SBS
509 episodes
2 hours ago
Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།
Show more...
Daily News
Society & Culture,
News
RSS
All content for SBS Tibetan - SBS བོད་སྐད་སྡེ་ཚན། is the property of SBS and is served directly from their servers with no modification, redirects, or rehosting. The podcast is not affiliated with or endorsed by Podjoint in any way.
Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།
Show more...
Daily News
Society & Culture,
News
Episodes (20/509)
SBS Tibetan - SBS བོད་སྐད་སྡེ་ཚན།
#98 Splitting the bill (Med) - ཨིན་སྐད་སྦྱོང་བརྡར་ཨང་། ༩༨ པ། དངུལ་འཛིན་བགོ་བཤའ་རྒྱག་སྟངས། (གནས་ཚད་བར་མ།)
Learn how to split the bill in English. Discover useful expressions for sharing costs, shouting rounds, and transferring your share easily. - དབྱིན་སྐད་ཐོག་ནས་དངུལ་འཛིན་བགོ་བཤའ་རྒྱག་སྟངས་ཤེས་དགོས། འགྲོ་སོང་བགོ་བཤའ་རྒྱག་པ་དང་ཟས་རིན་སྤྲོད་རེས་བྱེད་པ། དེ་བཞིན་དངུལ་འཛིན་བགོ་བཤའ་སྟབས་བདེ་པོའི་ངང་གཏོང་ལེན་བྱེད་རྒྱུར་ཕན་ཐོགས་པའི་བརྗོད་ཚིག་སྦྱོང་རོགས།།
Show more...
2 hours ago
10 minutes 43 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
#97 Complimenting someone’s style (Med) - ཨིན་སྐད་སྦྱོང་བརྡར་ཨང་། ༩༧ པ། གང་ཟག་ཅིག་གི་གྱོན་ཆས་ཀྱི་བཀོད་སྒྲིག་ལ་བསྟོད་བསྔགས་བྱེད་པ། (གནས་ཚད་བར་མ།)
Learn how to talk about fashion, and how to compliment someone in English, perfect for parties and cultural events. - དབྱིན་སྐད་གོ་བ་ལེན་ཐུབ་པ་དང་བཤད་ཐུབ་ན་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད། ལེ་ཚན་འདིའི་ལེའུ་རེ་རེར་ང་ཚོས་ཨོ་སི་ཁྲུ་ལི་ཡའི་འཚོ་བ་དང་བརྡ་སྤྲོད་ཚུལ་འགྲེལ་བཤད་རྒྱག་གི་ཡོད། ཁྱེད་རང་གིས་དབྱིན་ཡིག་གི་ཤེས་བྱ་ཡར་རྒྱས་གཏོང་བ་དང་། ཨོ་སི་ཁྲུ་ལི་ཡའི་སྐོར་ལ་ཤེས་པ་དང་། དུས་མཉམ་དུ་སྤྲོ་པོ་བྱེད་ཐུབ། ང་ཚོའི་ཆེས་གསར་ཤོས་ཀྱི་ལེ་ཚན་ནང་ཁྱེད་ཀྱིས་འདུ་ཚོགས་དང་རིག་གནས་ཀྱི་བྱེད་སྒོ་ཁག་ལ་ཧ་ཅང་འཚམ་པོ་ཡོད་པའི་ཨིན་ཡིག་གི་ཐོག་ནས་ཉམས་འགྱུར་དང་། དར་སྲོལ་དང་བསྟོད་བསྔགས་སོགས་ཀྱི་སྐོར་ཇི་ལྟར་གླེང་དགོས་པ་ཤེས་ཐུབ།
Show more...
3 weeks ago
15 minutes

SBS Tibetan - SBS བོད་སྐད་སྡེ་ཚན།
How to donate blood in Australia - ཨོ་སི་ཁྲུ་ལི་ཡའི་ནང་ཁྲག་ཞལ་འདེབས་རྒྱག་སྟངས།
Each time you donate blood, you can save up to three lives. In Australia, we rely on strangers to donate blood voluntarily, so it’s a truly generous and selfless act. This ensures that it’s free when you need it—but it also means we need people from all backgrounds to donate whenever they can. Here’s how you can help boost Australia’s precious blood supply. - ཁྱེད་རང་གིས་ཁྲག་གི་ཞལ་འདེབས་རྒྱག་ཐེངས་རེར་མིའི་ཚེ་སྲོག་གསུམ་ཙམ་སྐྱོབ་ཐུབ། ང་ཚོ་ཨོ་སི་ཁྲུ་ལི་ཡ་རུ་ཁྲག་གི་ཞལ་འདེབས་དེ་གང་ཟག་རྒྱུས་མེད་ཚོའི་དང་བླངས་ཀྱི་སྦྱིན་གཏོང་ལ་རེ་ནས་ཡོད། ཁྲག་ཞལ་འདེབས་རྒྱག་རྒྱུ་དེ་ནི་ངོ་མ་གཟི་བརྗིད་ལྡན་ཞིང་སྒེར་སེམས་མེད་པའི་བྱ་སྤྱོད་ཅིག་རེད། དེ་ལྟར་ང་ཚོས་དགོས་པའི་སྐབས་ཁྲག་རྣམས་རིན་མེད་དུ་སྤྲོད་ཐུབ་ཀྱི་ཡོད། འོན་ཀྱང་དེའི་ཕྱིར་ང་ཚོར་རྒྱབ་ལྗོངས་མི་འདྲ་བའི་གང་ཟག་འདྲ་མིན་གྱི་རང་ཉིད་ནས་ནམ་བྱུང་ཁྲག་ཞལ་འདེབས་རྒྱག་དགོས་ཀྱི་ཡོད། གཤམ་དུ་ཁྱོད་ཀྱིས་ཨོ་སི་ཁྲུ་ལི་ཡའི་རྩ་ཆེའི་ཁྲག་མཁོ་སྤྲོད་ལས་དོན་ལ་ལ་རོགས་རམ་ཇི་ལྟར་བྱེད་ཐུབ་པ་གསལ་ཡོད།
Show more...
3 weeks ago
8 minutes 57 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
ཨིན་སྐད་སྦྱོང་བརྡར་ཨང་། ༩༥ སྒྱུ་སྐར་གྱི་འོག་ཏུ།
ཁྱེད་རང་ལ་ཨིན་ཡིག་སྦྱོང་རྒྱུའི་ཐབས་ལམ་ཡག་ཤོས་ནི་ཉིན་ལྟར་སྦྱོང་བརྡར་བྱེད་རྒྱུ་དེ་རེད། ཨེ་སི་བྷི་ཨེ་སི་ཨིན་ཡིག་སྦྱོང་གི་ལས་འཆར་གྱི་མུ་འབྲེལ་སྒྲ་སྒམ་འདི་རྒྱུད་ཁྱེད་ལ་ཨིན་ཡིག་ཐོག་སྐད་ཆ་ཤོད་རྒྱུ་དང་གོ་བ་ལེན་རྒྱུའི་ཐད་ཡར་རྒྱས་བཏང་ནས་ཨོ་སི་ཁྲུ་ལི་ཡ་དང་འབྲེལ་འདྲིས་ཤུགས་ཆེ་རུ་གཏོང་ཐུབ། དེ་རིང་གི་ལེ་ཚན་འདིའི་ནང་ང་ཚོས་མཚན་མོའི་ནམ་མཁའ་དང་སྒྱུ་སྐར་ལ་རྒྱང་ལྟ་བྱེད་རྒྱུའི་སྐོར་གྱི་ཚིག་དང་བརྗོད་པར་སློབ་སྦྱོང་བྱེད། སློབ་ཚན་འདི་རིམ་པ་བར་མར་ཡོད་པའི་ཨིན་ཡིག་སྦྱོང་མཁན་རྣམས་ལ་འཚམས།
Show more...
3 weeks ago
12 minutes 43 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
#95 Under the stars (Med) - ཨིན་སྐད་སྦྱོང་བརྡར་ཨང་། ༩༥ སྒྱུ་སྐར་གྱི་འོག་ཏུ།
Learn how to talk about the night sky and stargazing. - ཁྱེད་རང་ལ་ཨིན་ཡིག་སྦྱོང་རྒྱུའི་ཐབས་ལམ་ཡག་ཤོས་ནི་ཉིན་ལྟར་སྦྱོང་བརྡར་བྱེད་རྒྱུ་དེ་རེད། ཨེ་སི་བྷི་ཨེ་སི་ཨིན་ཡིག་སྦྱོང་གི་ལས་འཆར་གྱི་མུ་འབྲེལ་སྒྲ་སྒམ་འདི་རྒྱུད་ཁྱེད་ལ་ཨིན་ཡིག་ཐོག་སྐད་ཆ་ཤོད་རྒྱུ་དང་གོ་བ་ལེན་རྒྱུའི་ཐད་ཡར་རྒྱས་བཏང་ནས་ཨོ་སི་ཁྲུ་ལི་ཡ་དང་འབྲེལ་འདྲིས་ཤུགས་ཆེ་རུ་གཏོང་ཐུབ། དེ་རིང་གི་ལེ་ཚན་འདིའི་ནང་ང་ཚོས་མཚན་མོའི་ནམ་མཁའ་དང་སྒྱུ་སྐར་ལ་རྒྱང་ལྟ་བྱེད་རྒྱུའི་སྐོར་གྱི་ཚིག་དང་བརྗོད་པར་སློབ་སྦྱོང་བྱེད། སློབ་ཚན་འདི་རིམ་པ་བར་མར་ཡོད་པའི་ཨིན་ཡིག་སྦྱོང་མཁན་རྣམས་ལ་འཚམས།
Show more...
3 weeks ago
12 minutes 43 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
Springtime hay fever and asthma: how to manage seasonal allergies - དཔྱིད་དུས་ཀྱི་རྩྭ་སྐམ་ཚད་པ་དང་དབུགས་གསག་ན་ཚ་སོགས་ནམ་དུས་ཀྱི་འཕྲོད་འབྱོར་འཁྲུགས་པའི་ནད་ལ་དོ་དམ་བྱེད་ཚུལ།
Springtime in Australia brings warmth, blossoms, and longer days—but also the peak of pollen season. For millions of Australians, this means the onset of hay fever and allergy-induced asthma. - ཨོ་སི་ཁྲུ་ལི་ཡའི་དཔྱིད་ཀར་དྲོད་སྐྱིད་དང་། མེ་ཏོག་བཞད་པ། ཉིན་མོ་ཅུང་རིང་བ་བཅས་ཀྱི་ཕྱོགས་སུ་བསྐྱོད་ཀྱི་ཡོད་ཀྱང་། ཨོ་སི་ཁྲུ་ལི་ཡའི་མི་ས་ཡ་ཁ་ཤས་ལ་མཚོན་ན། འདི་ནི་རྩྭ་སྐམ་གྱི་ཚད་ནད་དང་འཕྲོད་འབྱོར་འཁྲུགས་པའི་རྐྱེན་གྱིས་དབུགས་གསག་ནད་མང་ཤོས་བྱུང་བའི་དུས་ཚོད་ཡིན།
Show more...
3 weeks ago
10 minutes 9 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
#96 At a swimming lesson (Med) - ཨིན་སྐད་སྦྱོང་བརྡར་ཨང་། ༩༦ པ། ཆུ་རྐྱལ་རྒྱག་སྐབས་སུ་སྤྱོད་པའི་ཨིན་ཡིག་གླེང་མོལ་ལ་སྦྱོང་བརྡར་བྱོས། གནས་ཚད་བར་མ།
Learn how to talk about swimming in English. - ཆུ་རྐྱལ་རྒྱག་རྒྱུ་ནི་གཟུགས་པོའི་ལུས་རྩལ་ཡག་ཤོས་ཤིག་ཡིན་པ་ཚང་མས་ཤེས་ཀྱི་ཡོད། ཁྱེད་རང་ཆུ་རྐྱལ་སྦྱོང་རྒྱུའི་འདུན་པ་ཆེན་པོ་ཡོད་པས་ཆུ་རྐྱལ་སློབ་མཁན་གྱི་དགེ་རྒན་ཞིག་བསྟེན་ངེས་རེད། འོན་ཀྱང་རང་ཉིད་ཀྱིས་དབྱིན་སྐད་ཆ་ཚང་བ་ཞིག་གོ་གི་མེད་ན། དགེ་རྒན་གྱིས་གཡོ་འགུལ་ལ་ལད་ཟློད་བྱེད་པ་ལས་ཁོ་པས་ཆུ་རྐྱལ་ཇི་ལྟར་བྱ་དགོས་པའི་དགེ་ཚན་ཆ་ཚང་ཤེས་ཐུབ་རྒྱུ་ཁག་པོ་རེད། བྱས་ཙང་ང་ཚོས་དུས་ཚོད་དང་སྦྱོང་བརྡར་གྱི་རིན་པ་སོགས་ཆུད་ཟོས་སུ་མ་འགྲོ་བའི་ཆེད་དུ་དེ་རིང་གི་ལེ་ཚན་འདིའི་ནང་ཆུ་རྐྱལ་སྦྱོང་སྐབས་ཀྱི་དབྱིན་སྐད་སྦྱང་རྒྱུ་ཡིན།
Show more...
1 month ago
12 minutes 57 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
Understand Aboriginal land rights in Australia - ཨོ་སི་ཁྲུ་ལི་ཡའི་ནང་གདོད་མའི་མི་རིགས་ཀྱི་ས་དབང་གི་ཐོབ་ཐང་སྐོར་ཤེས་རྟོགས་བྱེད་པ།།
You may hear the protest chant, “what do we want? Land rights!” —but what does it really mean? Land is at the heart of Aboriginal and Torres Strait Islander identity, culture, and wellbeing. Known as “Country,” it includes land, waterways, skies, and all living things. In this episode of Australia Explained, we explore Indigenous land rights—what they involve, which land is covered, who can make claims, and the impact on First Nations communities. - ཁྱོད་ཀྱིས་ངོ་བརྒོལ་གྱི་འབོད་སྒྲ་ "ང་ཚོར་ཅི་ཞིག་དགོས་པ་རེད། ས་ཞིང་གི་དབང་ཆ།"ཞེས་པ་དེ་ཐོས་ཡོད་ཀྱི་རེད། འོན་ཀྱང་དེའི་ནང་དོན་ངོ་མ་ཅི་རེད། ས་ཞིང་ནི་ཡུལ་གྱི་ཡུལ་མི་དང་ཐོ་ལེ་སི་མཚོ་འགག་གླིང་ཕྲན་གྱི་ངོ་བོ་དང་། རིག་གནས། བདེ་སྐྱིད་བཅས་ཀྱི་སྲོག་ཤིང་ཡིན། "རྒྱལ་ཁབ" ཅེས་འབོད་ཀྱི་ཡོད་པ་དེའི་ནང་དུ་སྐམ་ས་དང་། ཆུ་ལམ། ནམ་མཁའ། དེ་བཞིན་སྐྱེ་དངོས་ཡོད་ཚད་འདུས་ཡོད། ཐེངས་འདིའི་《ཨོ་སི་ཁྲུ་ལི་ཡ་འགྲེལ་བརྗོད།》ཀྱི་ལེ་ཚན་འདིའི་ནང་ང་ཚོས་གདོད་མའི་མི་རིགས་ཀྱི་ས་ཞིང་གི་བདག་དབང་ལས་འཕྲོས་ཏེ་དེའི་ནང་དུ་ཅི་ཞིག་ཚུད་པ་དང་། ས་ཆ་གང་དག་ལ་ཁྱབ་པ། སུ་ཞིག་གིས་གྱོང་གསབ་ལེན་ཆོག་པ། དེ་བཞིན་མི་རིགས་མང་ཚོགས་ཀྱི་སྡེ་ཁུལ་ལ་ཤུགས་རྐྱེན་ཐེབས་ཚུལ་སོགས་ལ་དཔྱད་བསྡུར་བྱེད།
Show more...
1 month ago
7 minutes 58 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
Bonus Practice: #96 At a swimming lesson (Med) - ཆུ་རྐྱལ་རྒྱག་སྟངས་སྦྱོང་བའི་སྐབས་ཀྱི་ཨིན་སྐད་སྦྱོང་བ། (གནས་རིམ་བར་མ།)
Practise speaking the dialogue from episode #96 At a swimming lesson (Med). - ལེ་ཚན་ ༩༦ པ། ཆུ་རྐྱལ་རྒྱག་སྐབས་སུ་སྤྱོད་པའི་ཨིན་ཡིག་གླེང་མོལ་ལ་སྦྱོང་བརྡར་བྱོས། (གནས་རིམ་བར་མ།)
Show more...
1 month ago
12 minutes 57 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
Indigenous sport in Australia: Identity, culture and legacy - ཨོ་སི་ཁྲུ་ལི་ཡའི་གདོད་མའི་རྩེད་རིག་དང་། དེ་ལས་འཕྲོས་པའི་ངོ་བོ་དང་། རིག་གནས། རྗེས་ཤུལ་སོགས་གླེང་པ།
Indigenous Australian athletes have long inspired the nation, uniting communities and shaping our identity. Olympian Kyle Vander-Kuyp and Matildas goalkeeper Lydia Williams are two such Indigenous athletes that have shaped our national identity. Their stories show the power of sport to foster inclusion, equality, and pride for future generations. - ཨོ་སི་ཁྲུ་ལི་ཡའི་གདོད་མའི་རྩེད་འགྲན་པས་རྐང་རྩེད་སྤོ་ལོའི་ར་བ་ནས་རྩེད་རིགས་འགྲན་ལམ་བར་རིག་གནས་དང་སྤྱི་ཚོགས་ནང་ཁུལ་དུ་འབྲེལ་ལམ་སྤེལ་བ་དང་ཆབ་གཅིག་རྒྱལ་ཁབ་ཀྱི་ངོ་བོ་ལ་ཞབས་འདེགས་སྒྲུུབ་བཞིན་ཡོད། ཁོ་ཚོས་སོ་སོའི་མེས་པོ་དམ་པ་རྣམས་ལས་བློ་སྐྱེད་བླངས་ནས་རྩེད་རིག་ཀྱི་སྙིང་སྟོབས་ལས་ང་ཚོའི་རྒྱལ་ཁབ་ལ་གསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། རྩེད་རིག་ཀྱི་ལམ་ནས་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་རྣམས་ཀྱིས་ཆིག་སྒྲིལ་དང་། འདྲ་མཉམ། རླབས་ཆེན་གྱི་གོ་སྐབས་བཅས་རྒྱལ་ཁབ་ཀྱི་ཟུངས་ཁྲག་གི་ལྷན་སྐྱེས་སུ་ཞུགས་ཤིང་། གཞན་རྣམས་ལ་ཡང་རྩེད་རིག་ཀྱི་ཆ་ནས་ཨོ་སི་ཁྲུ་ལི་ཡའི་ངོ་ཚབ་བྱ་དགོས་པའི་སྐུལ་མ་བྱེད་བཞིན་ཡོད།
Show more...
1 month ago
7 minutes 28 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
How to start your home business in Australia - ཨོ་སི་ཁྲུ་ལི་ཡའི་ནང་རང་ཁྱིམ་དུ་ཚོང་ལས་འཛུགས་སྟངས།
Did you know that people offering taxi services from home need to register for Goods and Services Tax (GST)—regardless of how much they earn? Or that a fitness instructor needs local council approval to see clients at home? In this episode, we unpack the basic rules you need to know when setting up a home-based business in Australia. - ཁྱེད་རང་གིས་ཤེས་ཀྱི་ཡོད་དམ། ཁྱིམ་ནས་མོ་ཊའི་ཞབས་ཞུ་སྒྲུབ་མཁན་གྱི་མི་ཚོས་ཡོང་འབབ་ག་ཚོད་ཐོབ་རུང་། ཟོག་དངོས་དང་ཞབས་ཞུའི་ཁྲལ་ (GST) ལ་ཐོ་འགོད་བྱེད་དགོས་པ་རེད། ཡང་ན་ལུས་རྩལ་སློབ་སྟོན་པ་ཞིག་ལ་ཚོང་ཤག་ཁྱིམ་ནས་ཐུག་པར་ས་གནས་འཛིན་སྐྱོང་ལས་ཁུངས་ཀྱི་ཆོག་མཆན་དགོས་སམ། ལེ་ཚན་འདིའི་ནང་ང་ཚོས་ཨོ་སི་ཁྲུ་ལི་ཡའི་ནང་ཁྱིམ་དུ་ཚོང་ལས་འཛུགས་སྐབས་ཤེས་དགོས་པའི་གཞི་རྩའི་ཁྲིམས་ལུགས་དེ་དག་གསལ་སྟོན་བྱེད་ཀྱི་ཡོད།
Show more...
1 month ago
7 minutes 56 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
The cervical screening test that could save your life - ཚེ་སྲོག་སྐྱོབ་ནུས་པའི་མངལ་སྒོའི་སྐྲན་ནད་བརྟག་ཞིབ།
Cervical cancer is preventable, but only if you catch it early. Cultural and personal barriers have often meant that women avoid cervical cancer testing. But now with the help of a world-leading test, Australia is aiming to eliminate cervical cancer by 2035. The test is a safe and culturally sensitive option for women from all backgrounds. Best of all it could save your life—or that of someone close to you. - མངལ་སྒོའི་འབྲས་སྐྲན་ནི་སྔོན་འགོག་བྱེད་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་དེའི་སྔོན་འགྲོའི་ཆ་རྐྱེན་ནི་ན་ཚ་འདི་སྔ་ས་ནས་ངོ་འཕྲོད་ཐུབ་པ་དགོས། རིག་གཞུང་དང་གང་ཟག་སྒེར་གྱི་འགལ་རྐྱེན་གྱིས་བུད་མེད་ཚོས་མངལ་སྒོའི་འབྲས་སྐྲན་ལ་ཞིབ་བཤེར་བྱེད་རྒྱུ་དེར་འགོག་རྐྱེན་བྱུང་བཞིན་ཡོད། འོན་ཀྱང་ད་ལྟ་འཛམ་གླིང་ནང་སྔོན་མཐོན་ཚོད་ལྟའི་རྟགས་ཞིབ་ལས་འཆར་འོག་ཕྱི་ལོ་༢༠༣༥་ནང་ཚུད་མངལ་སྐེའི་འབྲས་སྐྲན་མེད་པར་བཟོ་རྒྱུ་དེ་ཨོ་སི་ཁྲུ་ལི་ཡའི་དམིགས་ཡུལ་ཡིན། བརྟག་ཞིབ་དེས་གནོད་ཚབ་གང་ཡང་མེད་པ་མ་ཟད་རིག་གཞུང་གི་འགྲོ་སྟངས་ཀྱི་ཆ་ནས་བུད་མེད་སུ་འདྲ་ཞིག་ལའང་དཀའ་ལས་མེད་པའི་འདམ་ག་ཞིག་ཡིན། ལྷག་པར་དེས་ཁྱེང་རང་ཉིད་དམ་གཟན་ཞིག་གི་སྲོག་སྐྱོབ་ཐུབ་ཀྱི་ཡོད།
Show more...
2 months ago
9 minutes 34 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
What to expect when taking your child to the emergency department - ཁྱེད་རང་གི་ཕྲུ་གུ་ཛ་དྲག་མྱུར་སྐྱོབ་སྨན་ཁང་དུ་ཁྲིད་སྐབས་ཅི་ཞིག་བྱེད་དགོས་སམ།
Visiting the emergency department with a sick or injured child can overwhelm parents due to long wait times and stress. Understanding what to expect can help. This episode explores when to go to children's hospital emergency departments in Australia and what to expect upon arrival. - ནད་མནར་བའམ་རྨས་སྐྱོན་ཕོག་པའི་ཕྲུ་གུ་ཞིག་ཁྲིད་དེ་ཛ་དྲག་སྨན་བཅོས་ཚན་པར་འགྲོ་སྐབས་ཕ་མ་ཚོར་སྒུག་ཡུན་རིང་བ་དང་སེམས་ངལ་ཆེ་བའི་དབང་གིས་ཧ་ཅང་གི་འཚབ་འཚུབ་སྐྱེ་སྲིད། ཅི་ཞིག་ལ་རེ་བ་རྒྱག་དགོས་མིན་ཤེས་རྟོགས་ཐུབ་ན་ཕན་ཐོགས་ཡོང་ངེས། ལེ་ཚན་འདིའི་ནང་ཨོ་སི་ཁྲུ་ལི་ཡའི་ནང་གི་ཕྲུ་གུའི་སྨན་ཁང་གི་ཛ་དྲག་སྨན་བཅོས་ཚན་པར་ནམ་འགྲོ་དགོས་མིན་དང་འབྱོར་འཕྲལ་ཅི་ཞིག་ལ་རེ་བ་རྒྱག་དགོས་མིན་སྐོར་ཤེས་རྟོགས་བྱ།
Show more...
6 months ago
9 minutes 20 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
What is Closing the Gap?  - བར་སྟོང་གི་ཁྱད་པ་མེད་པ་བཟོ་ཐབས་ཟེར་བ་དེ་ག་རེ་ཡིན་མིན།
Australia has one of the highest life expectancies in the world. On average, Australians live to see their 83rd birthday. But for Aboriginal and Torres Strait Islander peoples, life expectancy is about eight years less. Closing the Gap is a national agreement designed to change that. By improving the health and wellbeing of First Nations, they can enjoy the same quality of life and opportunities as non-Indigenous Australians. - ཨོ་སི་ཁྲུ་ལི་ཡ་ནང་འཛམ་གླིང་ནང་ཚེ་ཚད་རིང་ཤོས་ཀྱི་གྲས་སུ་ཚུད་ཡོད། ཆ་སྙོམས་བྱས་ན་ཨོ་སི་ཁྲུ་ལི་ཡའི་མི་ཚོས་ལོ་ངོ་ ༨༣ བར་འཚོ་ཐུབ། འོན་ཀྱང་ཨ་བྷོ་རི་ཇི་ནལ་དང་ཊོ་རི་སི་གླིང་ཕྲན་གྱི་མི་རིགས་ལ་མཚོན་ན་ཨོ་གླིང་གི་མི་རིགས་གཞན་དག་ལས་ཚེ་ཚད་ནི་ལོ་བརྒྱད་ཙམ་གྱིས་ཐུང་བ་ཡོད། བར་ཁྱད་མེད་པར་བཟོ་རྒྱུ་ནི་དེ་ལ་འགྱུར་བ་གཏོང་ཆེད་དུ་བཟོས་པའི་རྒྱལ་ཡོངས་ཀྱི་གྲོས་མཐུན་ཞིག་ཡིན། ཐོག་མའི་མི་རིགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་བ་བརྒྱུད་ནས་ཁོང་ཚོས་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་མ་ཡིན་པ་ཚོ་དང་འདྲ་མཚུངས་ཀྱི་འཚོ་བའི་སྤུས་ཚད་དང་གོ་སྐབས་ལོངས་སུ་སྤྱོ་ཐབས་བྱེད་བཞིན་ཡོད།
Show more...
6 months ago
6 minutes 4 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
How to recover from floods and storms in Australia - ཨོ་སི་ཁྲུ་ལི་ཡའི་ནང་ཆུ་ལོག་དང་དྲག་ཆར་ལས་གནོད་འཚེ་ཕོག་སྐབས་ག་རེ་བྱེད་དགོས་སམ།
Australia is experiencing more frequent and intense floods and storms. Once the winds calm and the water recedes, how do you return home safely? Experts speak on the essential steps to take after a disaster. - ཨོ་སི་ཁྲུ་ལི་ཡའི་ནང་ཆུ་ལོག་དང་རླུང་འཚུབ་དྲག་པོས་གནོད་འཚེ་རྒྱུན་དུ་འབྱུང་བཞིན་ཡོད། རླུང་འཇམ་ཞིང་ཆུ་བྲི་རྗེས་ཁྱེད་རང་བདེ་འཇགས་ངང་ཁྱིམ་དུ་ཇི་ལྟར་ལོག་དགོས་སམ། ཆེད་ལས་མཁས་པས་གོད་ཆག་བྱུང་རྗེས་ཀྱི་དགོས་ངེས་ཀྱི་གོམ་སྟབས་བྱེད་སྒོ་ཁག་ངོ་སྤྲོད་འགྲེལ་བརྗོད་གནང་ཡོད།
Show more...
6 months ago
10 minutes 15 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
Beyond books: How libraries build and support communities in Australia - དཔེ་མཛོད་ཁང་གིས་ཨོ་སི་ཁྲུ་ལི་ཡའི་སྤྱི་ཚོགས་འཛུགས་སྐྲུན་དང་ཕན་ཐོགས།
Australian public libraries are special places. Yes, they let you borrow books for free, but they also offer a wealth of programs and services, also free, and welcome everyone, from tiny babies to older citizens. - ཨོ་སི་ཁྲུ་ལི་ཡའི་སྤྱི་པའི་དཔེ་མཛོད་ཁང་ནི་དམིགས་བསལ་གྱི་ས་ཆ་ཞིག་རེད། དཔེ་མཛོད་ཁང་གིས་ཁྱེད་ལ་དེབ་རིན་མེད་ཐོག་གཡར་གྱི་ཡོད་པས་མ་ཚད། ད་དུང་ལས་རིམ་དང་ཞབས་ཞུ་མང་པོ་ཞིག་ཀྱང་རིན་མེད་ཐོག་བཀོད་སྒྲིག་དང་མཐུན་རྐྱེན་སྦྱར་གྱི་ཡོད། དཔེ་མཛོད་ཁང་གིས་ཕྲུ་གུ་ཆུང་ཆུང་ནས་མི་རྒན་བར་ཚང་མར་གཅིག་མཚུངས་སུ་མཐུན་རྐྱེན་སྦྱར་གྱི་ཡོད་པ་རེད།
Show more...
7 months ago
10 minutes 18 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
How to vote in the federal election  - ཨོ་སི་ཁྲུ་ལི་ཡ་དབུས་གཞུང་གི་འོས་བསྡུར་འོས་ཤོག་འཕེན་སྟངས།
On election day the Australian Electoral Commission anticipates one million voters to pass through their voting centres every hour. Voting is compulsory for everyone on the electoral roll, so all Australians should familiarise themselves with the voting process before election day. - འོས་འདེམས་ཀྱི་ཉིན་མོར་ཨོ་སི་ཁྲུ་ལི་ཡའི་འོས་འདེམས་ལྷན་ཚོགས་ཀྱིས་ཆུ་ཚོད་རེའི་ནང་འོས་འཕེན་ལྟེ་གནས་བརྒྱུད་ནས་འོས་འཕེན་མཁན་ས་ཡ་གཅིག་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད། འོས་འདེམས་ཐོ་འགོད་ནང་ཡོད་མཁན་ཚང་མས་འོས་འཕེན་དགོས་པས་ཨོ་སི་ཁྲུ་ལི་ཡའི་མི་མང་ཚང་མས་འོས་འདེམས་ཀྱི་ཉིན་མོ་མ་སླེབས་པའི་སྔོན་ལ་འོས་འཕེན་གྱི་བརྒྱུད་རིམ་ལ་གོམས་འདྲིས་དང་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད།
Show more...
7 months ago
8 minutes 55 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
The AI Election: How artificial intelligence impacted the world's biggest ballots - མིས་བཟོས་རིག་ནུས་ཀྱིས་འཛམ་གླིང་གི་འོས་ཤོག་ཆེ་ཤོས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་དམ།
From "Communist Kamala" to Bollywood endorsements, artificial intelligence and disinformation played a big role in some of the biggest democratic elections last year. - "དམར་ཤོག་ཀ་མ་ལ་"ནས་བོལ་ལི་ཝུཌ་ཀྱི་རྒྱབ་སྐྱོར་བར་དུ་ན་ནིང་དམངས་གཙོའི་འོས་བསྡུ་ཆེ་ཤོས་ཁ་ཤས་ནང་མིས་བཟོས་རིག་སྟོབས་དང་གནས་ཚུལ་རྫུན་མ་གིས་ནུས་པ་ཆེན་པོ་བཏོན་ཡོད།
Show more...
7 months ago
7 minutes 59 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
How far can you legally go to protect yourself from robbery in Australia? - ཨོ་སི་ཁྲུ་ལི་ཡའི་ནང་རང་ཉིད་རྐུན་འཕྲོག་བྱེད་མཁན་ནས་སྲུང་སྐྱོབ་བྱེད་སྟངས།
In Australia, robbery isn't just theft; it has specific legal definitions and consequences. This episode of Australia Explained podcast explores the types of crimes, including stealing. What does it mean legally? How can you protect yourself? And what support is available if it happens to you? - ཨོ་སི་ཁྲུ་ལི་ཡའི་ནང་། རྐུན་འཕྲོག་བྱེད་པ་ནི་རྒྱུ་དངོས་རྐུ་འཁྱེར་ཙམ་མ་ཡིན་པར། དེར་ཁྲིམས་ལུགས་ཀྱི་ངེས་ཚིག་དང་མཇུག་འབྲས་ངེས་ཅན་ཡོད། ཨོ་སི་ཁྲུ་ལི་ཡའི་སྐོར་འགྲེལ་བརྗོད་ཅེས་པའི་ལེ་ཚན་འདིའི་ནང་རྐུ་འཁྱེར་སོགས་ནག་ཉེས་ཀྱི་རིགས་ཤེས་རྟོགས་དང་། ཁྲིམས་ཐོག་ནས་དེའི་གོད་དོན་ག་རེཡིན་མིན། ཁྱེད་རང་ཉིད་ཇི་ལྟར་སྲུང་སྐྱོབ་གང་འདྲ་བྱེད་དགོས་མིན། གལ་སྲིད་ནས་ཚུལ་དེ་འདྲ་ཞིག་དང་འཕྲད་སྐབས་ཁྱེད་རང་ལ་ཅི་ཞིག་གིས་རོགས་སྐྱོར་བྱེད་ཐུབ་ཀྱི་ཡོད་མེད་སྐོར་ངོ་སྤྲོད་བྱ་རྒྱུ་ཡིན།
Show more...
7 months ago
10 minutes 38 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
How to choose the right tutor for your child - ཁྱེད་རང་གི་ཕྲུ་གུར་དགེ་རྒན་མ་ནོར་བ་ཞིག་འདེམས་སྟངས།
Tutoring is a booming industry in Australia, with over 80,000 tutors nationwide. Migrant families often spend big on tutoring, seeing education as the key to success. However, choosing the right tutor is essential to ensure a positive experience and real benefits for your child. - ཨོ་སི་ཁྲུ་ལི་ཡའི་ནང་སློབ་ཁྲིད་བྱ་རྒྱུ་དར་ཁྱབ་ཆེ་བའི་བཟོ་ལས་ཤིག་ཏུ་གྱུར་ཏེ་རྒྱལ་ཡོངས་སུ་དགེ་རྒན་ ༨༠,༠༠༠ ལྷག་ཡོད། ཕྱིར་སྡོད་ཁྱིམ་ཚང་མང་པོ་ཞིག་གིས་སློབ་སྦྱོང་ནི་ལེགས་འགྲུབ་ཀྱི་ལྡེ་མིག་ལ་བརྩིས་ཏེ་སློབ་ཁྲིད་ཐོག་འགྲོ་གྲོན་མང་པོ་གཏོང་གི་ཡོད། ཡིན་ནའང་། ཁྱེད་ཀྱི་ཕྲུ་གུར་ཉམས་མྱོང་ཡག་པོ་ཞིག་དང་ཕན་ཐོགས་ངོ་མ་ཡོང་ཆེད་དགེ་རྒན་འོས་འཚམས་ཤིག་འདེམས་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད།
Show more...
7 months ago
9 minutes 37 seconds

SBS Tibetan - SBS བོད་སྐད་སྡེ་ཚན།
Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།