Hosted on Acast. See acast.com/privacy for more information.
Hosted on Acast. See acast.com/privacy for more information.
ཨམ་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༥།༠༣།༢༡
༢༠༢༥ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༡ཉིན། ཨམ་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།
༡༽རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བ་རྣམས་ལ་ཁ་ཆེའི་རཱ་མ་དཱན་བསྙེན་གནས་ཟླ་བའི་དུས་སུ་བཙན་གྱིས་ལས་ཀ་བྱེད་དུ་བཅུག་སྟེ་དུས་བཅད་ཟས་བསྟེན་དང་གསོལ་འདེབས་བཀག་འགོག་བྱེད་པ་དེ་ནི་ཐལ་སྤྱོད་པ་མེད་པར་གཏོང་བའི་མིང་ཐོག་ནས་ཆོས་ལུགས་ཀྱི་ཆོ་ག་ཁག་ལ་བཀག་སྡོམ་བྱེད་པའི་ཐབས་ལམ་གསར་ཤོས་ཤིག་ལ་ངོས་འཛིན་གནང་གི་འདུག
༢༽རྒྱ་ནག་པེ་ཅིན་གྱི་ཁྲིམས་ཁང་ཞིག་གིས་དེ་སྔའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེ་ལ་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་ཁྲིམས་བཤེར་བྱེད་བཞིན་པ་དང་ཁོ་པས་ཁྲིམས་རར་ཉེས་པ་ངོས་ལེན་དང་འགྱོགས་བཤགས་བྱས་ཚུལ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་གནས་ཚུལ་སྤེལ་འདུག
1.China forces Uyghurs to work during Ramadan in bid to prevent fasting
2.The Chinese government has announced that Wu Yingjie, the former Communist Party Secretary of the Tibet Autonomous Region, has confessed to receiving bribes totaling more than 300 million yuan.
Hosted on Acast. See acast.com/privacy for more information.
ཨམ་སྐད་ལས་རིམ་གྱི་གསར་འགྱུར་སྙིང་བསྡུས། ༠༣།༢༡།༢༠༢༥
༡) སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་སྩལ་བ།
༢) རྒྱ་གར་ནས་བོད་མི་བཙན་བྱོལ་བ་རྣམས་ཕྱིར་སྐྱོད་ཀྱི་ལག་དེབ་སེར་པོ་(IC)དང་ཕྱིར་ཐོན་གྱི་ཆོག་མཆན་(Exitpermit)རག་རྒྱུར་དཀའ་ངལ་འཕྲད་བཞིན་པར།བོད་མིའི་སྒྲིག་འཛུགས་ཀྱིས་ཐབས་ཤེས་གང་དྲག་གནང་གི་ཡོད་སྐོར།ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་གྲོས་ཚོགས་སུ་ལན་འདེབས་གནང་ཡོད་པ།
༣) འབྲུག་ཡུལ་ནང་དུ་རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཟློས་གར་ཚོགས་པ་ཞིག་གིས་འཁྲབ་སྟོན་བྱས་འདུག་པ་མ་ཟད། དེ་འབྲེལ་འབྲུག་གཞུང་གི་གསལ་བསྒྲགས་ནང་རྒྱ་ནག་གི་བཤད་ཚུལ་ལྟར་བོད་ཀྱི་སྐད་དོད་དུ། ཤི་ཙང་ཞེས་བེད་སྤྱོད་བྱས་འདུག
1) His Holiness the Dalai Lama granted an audience to around 384 devotees
2) Fifth Day of Ninth Session of 17th Tibetan Parliament-in-Exile
3) Chinese-Sent Performing Arts Troupe from 'Tibet Autonomous Region' Performs in Bhutan; Bhutanese Announcement Uses 'Xizang' Instead of Tibet
Hosted on Acast. See acast.com/privacy for more information.
Hosted on Acast. See acast.com/privacy for more information.
རྒྱ་ནག་གཞུང་གིས་ཕྱི་ཟླ་༣པའི་དུས་རིང་བོད་ནང་བརྟན་ལྷིང་སྲུང་སྐྱོབ་བྱེད་ཁུལ་གྱིས་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཁ་བྲལ་བར་ངོ་རྒོལ་དགོས་སྐོར་བརྗོད་དེ་དམ་དྲག་ཤུགས་ཆེ་བྱེད་བཞིན་འདུག།
ཨ་རིའི་ཏྲ་རམ་པ་སྲིད་གཞུང་གིས་རོགས་དངུལ་མཚམས་འཇོག་གནང་རྐྱེན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་ཕལ་མོ་ཆེ་གླ་ཕོགས་མེད་པར་ལས་མཚམས་འཇོག་དགོས་བྱུང་ཡོད་་ནའང་ལས་རིམ་མུ་མཐུད་རྒྱང་བསྲིང་ཞུ་རྒྱུ།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༨པའི་ཟུར་ཚོགས་སུ་མཉམ་ཞུགས་གནང་སྟེ་བོད་དོན་སྐོར་གསུང་བཤད་གནང་འདུག
In the wake of the Two Sessions, China doubled down on Its Anti-Separatism Campaign in Tibet.
U.S.based RFA’s hundreds of staff will be put on unpaid leave from the end of this week after President Trump terminates the outlet’s funding.
Representative Thinlay Chukki addresses the ongoing persecution of Communities in China during a side event at the 58th UNHRC Session.
Hosted on Acast. See acast.com/privacy for more information.
༡. བོད་ནང་གི་བོད་མི་ཚོས་བོད་ནང་ཐོབ་དཀའ་བའི་གནས་ཚུལ་གྱི་འབྱུང་ཁུངས་ལྟེ་བ་རླུང་འཕྲིན་ཁང་སྒོ་རྒྱག་སྲིད་པར་ཐུགས་འཚབ་གནང་གི་ཡོད་འདུག
༢་ བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
༣་ རྒྱ་ནག་གཞུང་གིས་མུ་མཐུད་མདོ་སྨད་ཕྱོགས་ཀྱི་མཛོད་དགེ་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་རྔ་བ་ཀིརྟི་དགོན་གཙོས། མདོ་སྨད་ཕྱོགས་སུ་དགོན་སྡེ་ཁག་ཏུ་གྲྭ་རྒྱུན་གསར་ཞུགས་མི་ཆོག་པའི་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་།
1. Tibetans inside Tibet are expressing disappointment about the possible suspension of operations of Radio Free Asia.
2. The Tibet Advocacy Alliance-India's Second round Tibet advocacy in Delhi.
3.The Chinese government continues to impose strict restrictions on Taktsang Lhamo Kirti Monastery, Ngaba Kirti Monastery, and others, prohibiting new admissions and not allowing young children to stay in the monasteries.
Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༩ཉིན། ཨམ་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།
༡༽༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༣༠ ལ་མཇལ་ཁ་སྩལ་བ།
༢༽ རྒྱ་ནག་གཞུང་གིས་མུ་མཐུད་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་རྔ་བ་ཀིརྟིན་དགོན་སོགས་སུ་རྒྱུན་གསར་ཞུགས་དང་དགོན་པའི་ནང་ཕྲུ་གུ་ལོ་ཆུང་སྡོད་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག
༣༽བོད་ནང་རྒྱ་མི་རིགས་ཇེ་མང་དུ་འགྲོ་བཞིན་པའི་རྐྱེན་གྱིས་བོད་རིགས་སློབ་ཐོན་སློབ་མ་རྣམས་ལ་གཞུང་གི་ལས་ཀ་རག་རྒྱུའི་ཐད་མུ་མཐུད་དུ་དཀའ་ངལ་འཕྲད་བཞིན་ཡོད་སྟབས་རྒྱ་ནག་གི་ཞིང་ཆེན་གཞན་པའི་ནང་ལས་ཀ་མ་འགྲོ་ཐབས་མེད་ཡིན་འདུག
1. On 19t hMarch 2025, His Holiness the Dalai Lama granted an audience to devotees
2. The Chinese government continues to impose strict restrictions on Taktsang Lhamo Kirti Monastery, Ngaba Kirti Monastery, and others, prohibiting new admissions and not allowing young children to stay in the monasteries.
Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༣ པའི་ཚེས་༡༩ཉིན། ཨམ་སྐད་ཀྱི་སྔ་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།
༡༽ཨ་རིའི་ཕོ་བྲང་དཀར་པོས་ཨ་རིས་མ་དངུལ་བཏང་ནས་བཙུགས་པའི་རླུང་འཕྲིན་ཁང་ཁག་སྒོ་རྒྱུ་བྱས་པར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་དང་ཁམ་བྷོ་ཌེ་ཡའི་ཧོན་སེན( Hun Sen)གཞུང་གིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་ཀྱང་།ཨེ་ཤེ་ཡའི་ནང་གི་གཞུང་དང་ལྟ་སྤྱོད་མི་མཐུན་པ་དང་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་བཀག་སྡོམ་བྱས་བར་བློ་ཕམ་དང་ཡིད་ཆེས་དཀའ་བའི་རྣམ་འགྱུར་སྟོན་གྱིན་འདུག
༢༽༢༠༢༥ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་དེ་རྒྱ་ནག་དམར་ཤོག་
ཚོགས་པའི་མི་རིགས་མཐུན་སྒྲིལ་ཟེར་བའི་སྲིད་ཇུས་གསར་པ་དེ་བོད་མི་ཚོར་
ཚོད་ལྟ་བྱེད་བཞིན་པའི་བྱ་ཐབས་ཤིག་མངོན་ཡོད་པ་རེད་ཅེས་ཨ་རིའི་
རྒྱལ་སའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསུངས་འདུག
༣༽ ཨོ་སི་ཀྲི་ལི་ཡས་ཡུལ་དེའི་གནས་སྡོད་ཧོང་ཀོང་གི་ལྟ་སྤྱོད་ཐ་དད་ཀྱི་མི་སྣར་དམིགས་ནས་ཡི་གེ་བཏང་བའི་གནས་ཚུལ་ཐད་རྒྱ་ནག་གི་བྱ་སྤྱོད་ལ་སེམས་ཁྲལ་ཡོད་པ་བརྗོད་འདུག
1. Chinese media, Hun Sen celebrate White House order to close US-funded news outlets,Asian dissidents, activists voice dismay over funding freeze to Radio Free Asia.
2. China’s 2025 Two Sessions show Tibetans are testing ground for a new CCP “ethnic unity” policy
3. Australia Raises Concerns With China Over Letters Targeting Hong Kong Dissident in Australia
Hosted on Acast. See acast.com/privacy for more information.
Hosted on Acast. See acast.com/privacy for more information.
༡)སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བསྐྱར་དུ་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཞལ་བཞེས་བཀའ་བཟང་སྩལ་འདུག
༢)རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་བྱས་འདུག
༣) བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༥དང་༢༦ལོའི་སྔོན་རྩིས་གཏན་འབེབས་དང་འབྲེལ་ཏེ།སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩དབུ་འཛུགས་ཞུས་ཡོད་པ་རེད།
1. His Holiness the Dalai Lama grants audience to American Buddhist Author Robert Thurman
2.Tibetan Leaders, Press Freedom Advocates Condemn U.S. Radio Service Shutdown.
3.9th session (budget session) of the 17th Tibetan Parliament-in-Exile begins in Dharamshala
Hosted on Acast. See acast.com/privacy for more information.
ཨམ་སྐད་ཀྱི་ཞོགས་པའི་ལས་རིམ་སྙིང་བསྡུས། ༢༠༢༥།༠༣།༡༧
བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༥དང་༢༦ལོའི་སྔོན་རྩིས་གཏན་འབེབས་དང་འབྲེལ་ཏེ།སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩དབུ་འཛུགས་གནང་པ།
དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༤༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
ཐཡི་ལེན་ཌིས་ཡུ་གུར་བ་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་ཨ་རིས་ཐཡི་ལེན་ཌིའི་འབྲེལ་ཡོད་དཔོན་རིགས་ལ་ཉེས་ཆད་བཅད་པར་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་
བསྔགས་བརྗོད་བྱས་འདུག
9th session (budget session) of the 17th Tibetan Parliament-in-Exile begins in Dharamshala.
The 42nd anniversary of the U-Tsang Cholkha Association marked.
World Uyghur Congress hails US sanctions on Thai officials over Uyghur deportations.
Hosted on Acast. See acast.com/privacy for more information.
Hosted on Acast. See acast.com/privacy for more information.
ཨམ་སྐད་ཀྱི་ལས་རིམ་སྙིང་བསྡུས། ༢༠༢༥།༠༣།༡༥
Hosted on Acast. See acast.com/privacy for more information.
ཨམ་སྐད་ལས་རིམ་གྱི་གསར་འགྱུར་སྙིང་བསྡུས། ༢༠༢༥།༠༣།༡༤
༡)ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༡༤ ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ལམ་བརྒྱུད་འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་གསུང་འཕྲིན་ཞིག་སྩལ་བའི་ནང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་བཟུང་སྟེ་འཛམ་གླིང་ནང་གི་རྩོད་རྙོག་ཞི་འགྲིག་ཡོང་ཐབས་ལ་འབད་དགོས་པའི་ལམ་སྟོན་གནང་འདུག
༢)རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཞེས་པ་བསྐྱར་བཅོས་ལག་བསྟར་བྱས་པ་དེ་བོད་ནང་རྒྱ་སྒྱུར་སློབ་གསོ་ཤུགས་ཆེ་རུ་གཏོང་ཐབས་ཤིག་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
༣)ཨིན་ཇིའི་ནུས་ཁུངས་དང་གནམ་ཤིས་འགྱུར་ལྡོག་གི་གྱི་དྲུང་ཆེ་རྒྱ་ནག་ཏུ་ཕེབས་འཆར་དང་བསྟུན་བོད་དོན་ལས་འགུལ་བ་རྣམས་ཀྱིས། རྒྱ་ནག་དང་ལྷན་བོད་དོན་གླེང་སློང་དགོས་པའི་ཞུ་ཡིག་ཅིག་ཕུལ་འདུག
1. Dalai Lama Calls for Global Peace and Compassion at Monlam Chenmo Festival.
2. Chinese government's Regulations on the Creation of a Model Region in the Tibet Autonomous Region Aim to Intensify Sinicization Education, Says Researcher.
3. Tibet Support Groups Urge UK Energy and Climate Change Minister to Discuss Environmental Concerns in Tibet Ahead of His Visit to China
Hosted on Acast. See acast.com/privacy for more information.