Home
Categories
EXPLORE
True Crime
Comedy
Business
Society & Culture
History
Sports
Health & Fitness
About Us
Contact Us
Copyright
© 2024 PodJoint
US
00:00 / 00:00
Sign in
Continue with Google
or
Sign me in
Don't have an account?
Sign up
Forgot password
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
VOA
250 episodes
3 hours ago
Subscribe
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་གླེང་བྱེད་པའི་ལེ་ཚན་ཞིག་ཡིན།
Show more...
News
RSS
All content for ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་། is the property of VOA and is served directly from their servers with no modification, redirects, or rehosting. The podcast is not affiliated with or endorsed by Podjoint in any way.
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་གླེང་བྱེད་པའི་ལེ་ཚན་ཞིག་ཡིན།
Show more...
News
Episodes (20/250)
Latest
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
རེ་ཆར་ཌི་གྷེ་ཨེར་དང་ཡུ་རོབ་ནང་གི་གསུམ་བཅུའི་དུས་དྲན། - སྤྱི་ཟླ་གསུམ་པ། ༡༡, ༢༠༢༥
ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་སུ། ཡུ་རོབ་ནང་༢༠༢༥ ལོའི་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་དང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༦ པ་སྲུང་བརྩི་བྱས་སྟངས་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
Show more...
7 months ago
23 minutes 3 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
བོད་གཞིས་བྱེས་གཉིས་ཀྱི་ལས་འགུལ། - སྤྱི་ཟླ་གསུམ་པ། ༡༠, ༢༠༢༥
ཀུན་གླེང་དུ་བསྟན་འཛིན་དབང་འདུས་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་རྣམ་པ་གཉིས་དང་ལྷན་དུ་འདས་པའི་ལོའི་ནང་བོད་ཕྱི་ནང་གཉིས་སུ་བོད་དོན་འཐབ་རྩོད་ལས་འགུལ་རབ་དང་རིམ་པ་སྤེལ་བའི་བརྒྱུད་རིམ་དང་ནུས་འབྲས་སོགས་ཀྱི་ཐད་གླེང་མོལ་ཞུས།
Show more...
8 months ago
27 minutes 22 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
མོན་ཡུལ་དུ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གྱི་གནས་བབ། - སྤྱི་ཟླ་གསུམ་པ། ༡༠, ༢༠༢༥
ཀུན་གླེང་གཙོ་སྐྱོང་བ་ཚེ་རིང་སྐྱིད་ཀྱིས་མོན་རྟ་དབང་ཁུལ་དུ་ལོ་མང་རིང་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གནང་མཁན་དྭགས་པོ་ལྡིང་གུང་རིན་པོ་ཆེ་ལ་ཁོང་གི་ཉམས་མྱོང་དང་འབྲེལ་ནས་མོན་ཡུལ་དུ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ལ་གོ་སྐབས་དང་གནས་བབ་གང་འདྲ་ཡིན་པའི་སྐོར་ནས་བཅར་འདྲི་ཞུས་ཡོད།
Show more...
8 months ago
30 minutes
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
རྒྱ་ནག་གི་ཚོགས་ཆེན་གཉིས་ཞེས་པར་དཔྱད་ཞིབ། - སྤྱི་ཟླ་གསུམ་པ། ༠༤, ༢༠༢༥
ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་གདན་ཞུས་ཀྱིས། དེ་རིང་སྤྱི་ཟླ་༣ པའི་ཚེས་༤ ཉིན་ནས་འཚོགས་འགོ་ཚུགས་པའི་རྒྱ་ནག་གི་ཚོགས་ཆེན་གཉིས་ཞེས་པ་དེའི་གཙོ་གནད་དང་། ༢༠༢༥ ལོར་རྒྱ་ནག་གི་སྲིད་ཇུས་འཛིན་ཕྱོགས་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན།
Show more...
8 months ago
22 minutes 8 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
བོད་ཀྱི་དགུང་གསར་རྗེས་ཀྱི་ཆོས་ཕྱོགས་བྱེད་སྒོ། - སྤྱི་ཟླ་གསུམ་པ། ༠༣, ༢༠༢༥
ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་དགེ་བཤེས་བློ་བཟང་གྲགས་པ་ལགས་དང་ལྷན་དུ་བོད་ཀྱི་ལོ་གསར་གཞུང་འབྲེལ་གྱིས་སྲུང་བརྩི་ཞུ་སྟངས་དང་། དགུང་གསར་ཉིན་གསུམ་རྗེས་ཀྱི་ལྷ་ལྡན་སྨོན་ལམ་ཆེན་མོས་མཚོན་པའི། བཅོ་ལྔ་མཆོད་པ། བྱམས་པ་གདན་འདྲེན་ལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་སྐོར་ལ་བཀའ་མོལ་ཞུས་པ་ཞིག་ཡིན།
Show more...
8 months ago
25 minutes 7 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
ལོ་གསར་གྱི་བྱུང་རབས། - སྤྱི་ཟླ་གཉིས་པ། ༢༨, ༢༠༢༥
ཀུན་གླེང་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་གསར་འགྱུར་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་སྐལ་བཟང་མཁས་གྲུབ་ལགས་གདན་འདྲེན་ཞུས་ནས་བོད་ཀྱི་ལོ་གསར་གྱི་བྱུང་རབས་དང་བོད་ལ་ལོ་གསར་རིགས་མ་འདྲ་བ་ཅི་ཙམ་ཡོད་མེད། ལོ་གསར་ལ་ཆེད་དུ་གྲ་སྒྲིག་བྱ་དགོས་པ་སོགས་ལ་བགྲོ་གླེང་ཁག་ཅིག་ཞུ་རྒྱུ་ཡིན།
Show more...
8 months ago
21 minutes 40 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
ཇི་ནི་ཝ་ལྷན་ཚོགས་སུ་མྱོང་བ་བསྒྲགས་པ། - སྤྱི་ཟླ་གཉིས་པ། ༢༦, ༢༠༢༥
ཀུན་གླེང་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་གདན་འདྲེན་ཞུས་ནས་ཉེ་ཆར་ཇི་ནི་ཝ་ལྷན་ཚོགས་སུ་རང་གི་མྱོང་བ་གཞི་ལ་བཞག་སྟེ། བོད་ཀྱི་ཆབ་སྲིད་བཙོན་པ་དང་བོད་མི་ཚོས་རྒྱ་ནག་དམར་ཤོག་གཞུང་གི་སྲིད་ཇུས་གདུག་རྩུབ་ཅན་གྱི་འོག་དཀའ་ངལ་མྱོང་བཞིན་པ་དཔང་བོ་བྱས་ཡོད་པ་དེའི་ཐད་ནས་བགྲོ་གླེང་ཞུ་རྒྱུ།
Show more...
8 months ago
23 minutes 33 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
གསེར་ཁྲི་མངའ་གསོལ་དང་རྒྱ་གཞུང་གི་འཁྱོག་བཤད། - སྤྱི་ཟླ་གཉིས་པ། ༢༥, ༢༠༢༥
ཀུན་གླེང་ལས་རིམ་ནང་ཚེ་རིང་དབང་མོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་གདན་ཞུས་ཀྱིས། ཁོང་གིས་བརྩམས་པའི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པ་དང་འབྲེལ། རྒྱ་ནག་གི་འཁྱོག་བརྗོད་ཡིག་ཆ་དང་ཏར་འཕྲིན་སོགས་གསལ་བཀྲོལ་བྱས
Show more...
8 months ago
23 minutes 9 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
བོད་ཀྱི་རྩིས་གཞུང་ནས་ལོ་ནག་བརྩི་སྲོལ། - སྤྱི་ཟླ་གཉིས་པ། ༢༤, ༢༠༢༥
ཀུན་གླེང་ལས་རིམ་དུ་སླེབས་ལ་ཉེ་བའི་བོད་ཀྱི་ལོ་གསར་པ་འདི་ལོ་ནག་འཁེལ་ཡོད་སྟབས། བོད་ཀྱི་རྩིས་གཞུང་ནས་ལོ་ནག་རྩིས་ཕྱོགས་སོགས་དང་འབྲེལ་བའི་སྐོར་ལ་བསྟན་འཛིན་དབང་འདུས་ལགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་གི་རྩིས་རམས་པ་བསྟན་འཛིན་སྙན་གྲགས་ལགས་དང་ལྷན་དུ་གླེང་མོལ་ཞུས་པ་ཡིན།
Show more...
8 months ago
23 minutes 31 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བརྒྱ་སྟོན། - སྤྱི་ཟླ་གཉིས་པ། ༢༡, ༢༠༢༥
ཀུན་གླེང་ལས་རིམ་དུ་དགུང་ལོ་༡༠༠་ལ་ཕེབས་པའི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་སོགས་ལ་བཞག་པའི་མཛད་རྗེས་ཐད་བགྲོ་གླེང་ཞུས་ཡོད།
Show more...
8 months ago
21 minutes 6 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
དབྱིན་ཡུལ་དུ་རྒྱ་ནག་གཞུང་གི་ཤུགས་རྐྱེན་ལ་ངོ་རྒོལ། - སྤྱི་ཟླ་གཉིས་པ། ༡༩, ༢༠༢༥
ཀུན་གླེང་དུ་ཚེ་རིང་དབང་མོས་རྒྱལ་སྤྱིའི་བོད་དང་བཙན་གནོན་འོག་གི་གྲངས་ཉུང་མི་རིགས་ཀྱི་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་པ་སངས་ལ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྒྱ་ནག་གི་གཞུང་ཚབ་ཁང་ཆེན་པོ་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞིར་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སྟོང་ཕྲག་མང་པོས་ངོ་རྒོལ་བྱེད་བཞིན་པའི་སྐོར་ལ་བགྲོ་གླེང་ཞུ།
Show more...
8 months ago
21 minutes 43 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
སྲིན་བུ་རིར་འབྲོག་པ་གནས་སྤོའི་ལས་གཞིར་དཔྱད་པ། - སྤྱི་ཟླ་གཉིས་པ། ༡༧, ༢༠༢༥
ཀུན་གླེང་དུ་འཇམ་དབྱངས་རྒྱ་མཚོས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འབུམ་རམས་པ་ཚེ་དབང་རྡོ་རྗེ་དང་ལྷན་ཁོང་གིས་འདོན་སྤེལ་གནང་བའི་ཞིབ་འཇུག་སྙན་ཐོ། དྲང་སྲོང་སྲིན་བུ་རིའི་གནས་སྤོའི་ལས་གཞིར་དཔྱད་པ་ཞེས་པའི་ནང་འཁོད་པའི་རྒྱ་ནག་གཞུང་གི་སྐྱེ་ཁམས་གནས་སྤོའི་ལས་གཞིའི་དམིགས་པ་དང་ཤུགས་རྐྱེན་སོགས་ཀྱི་ཐད་གླེང་མོལ་ཞུས་ཡོད།
Show more...
8 months ago
30 minutes 33 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
རྒྱལ་ལོ་དོན་གྲུབ་དང་བོད་རྒྱའི་འབྲེལ་མཐུད། - སྤྱི་ཟླ་གཉིས་པ། ༡༤, ༢༠༢༥
ང་ཚོས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་དང་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་རྣམ་གཉིས་གདན་འདྲེན་ཞུས་ནས་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་དོན་འཐབ་རྩོད་དང་བོད་རྒྱའི་འབྲེལ་མཐུད་གནང་བའི་མཛད་རྗེས་སོགས་ལ་བསྐྱར་ཞིབ་ཞུས་ཡོད།
Show more...
8 months ago
23 minutes 50 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
ཨ་རིའི་རོགས་དངུལ་ལས་བོད་མིའི་སྒྲིག་འཛུགས་ལ་ཐེབས་སྲིད་པའི་ཤུགས་རྐྱེན། - སྤྱི་ཟླ་གཉིས་པ། ༡༢, ༢༠༢༥
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་གདན་འདྲེན་ཞུས་ནས་ཨ་རིའི་རོགས་དངུལ་རེ་ཞིག་ལ་བཀག་སྡོམ་དང་བསྐྱར་ཞིབ་ཀྱི་སྲིད་ཇུས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་སྤྱི་ལ་ཐེབས་སྲིད་པའི་ཤུགས་རྐྱེན་ཐད་བགྲོ་གླེང་ཞུས་ཡོད།
Show more...
8 months ago
24 minutes 31 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས། - སྤྱི་ཟླ་གཉིས་པ། ༡༢, ༢༠༢༥
ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ལྷན་དུ། ༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་བོད་དོན་ཐོག་སྐུ་ལས་བསྐྱོན་པའི་མཛད་རྗེས་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།
Show more...
8 months ago
23 minutes 34 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
བོད་ཀྱི་ཚན་རིག་འདུ་འཛོམས་ཐེངས་བདུན་པ། - སྤྱི་ཟླ་གཉིས་པ། ༡༠, ༢༠༢༥
ཀུན་གླེང་ལས་རིམ་དུ་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་བོད་ཀྱི་ཚན་རིག་མཐུན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་གྲས་ཚན་རིག་པ་ཊོག་ཊོར་སྐལ་བཟང་མཐར་པ་ལགས་དང་ལྷན་དུ་བོད་ཀྱི་ཚན་རིག་འདུ་འཛོམས་ཐེངས་བདུན་པའི་གྲུབ་དོན་དང་། བོད་ཀྱི་ཚན་རིག་མཐུན་ཚོགས་དེའི་དམིགས་ཡུལ་དང་གལ་གནད། གྲུབ་འབྲས་བཅས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
Show more...
8 months ago
21 minutes 32 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
ཡར་ཀླུང་གཙང་པོའི་གློག་ཁང་། - སྤྱི་ཟླ་གཉིས་པ། ༠༧, ༢༠༢༥
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་ཚན་པའི་ཧིན་བོད་ས་མཚམས་ཉམས་ཞིབ་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་གདན་འདྲེན་ཞུས་ནས་ཡར་ཀླུང་གཙང་པོའི་གློག་ཁང་གིས་བོད་མཐོ་སྒང་གི་ཁོར་ཡུག་དང་སྐྱེ་ཁམས་ལ་གནོད་སྐྱོན་ཅི་ཙམ་འཕོག་རྒྱུ་ཡིན་པ་སོགས་ལ་བགྲོ་གླེང་ཞུས་ཡོད།
Show more...
9 months ago
24 minutes 23 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
སྲིད་འཛིན་ཊམ་གྱི་ཨ་རིས་གྷ་ཛར་བདག་པོ་རྒྱག་རྒྱུའི་བརྗོད་པ། - སྤྱི་ཟླ་གཉིས་པ། ༠༦, ༢༠༢༥
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལས་རིམ་ནང་རྡོ་རྗེ་ཚེ་བརྟན་ལགས་དང་བསོད་ནམས་གཡང་འཛོམས་ལགས་གཉིས་ཀྱིས་སྲིད་འཛིན་ཊམ་གྱི་ཨ་རིས་གྷ་ཛར་བདག་པོ་རྒྱག་རྒྱུའི་བརྗོད་པ་དེར་ཨ་རི་དང་རྒྱལ་སྤྱིའི་སྟེང་གི་རྣམ་འགྱུར་དང་། དེའི་ཤུགས་རྐྱེན་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
Show more...
9 months ago
6 minutes 12 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ། - སྤྱི་ཟླ་གཉིས་པ། ༠༥, ༢༠༢༥
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བྷེལ་ཇེམ་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་གདན་འདྲེན་ཞུས་ནས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་བྱས་པའི་དོན་སྙིང་དང་། ཉམས་རྒུད་ཕྱིན་པའི་རྩ་བ། མ་འོངས་ནུས་པ་འདོན་ཕྱོགས་སོགས་ཀྱིས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
Show more...
9 months ago
23 minutes 51 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
དཔྱིད་གསར་དུས་ཆེན་དང་རྒྱ་ནག་གི་དཔལ་འབྱོར། - སྤྱི་ཟླ་གཉིས་པ། ༠༤, ༢༠༢༥
ཀུན་གླེང་ལས་རིམ་དུ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་ལྷན་དུ། དཔྱིད་གསར་དུས་ཆེན་སྐབས་དང་བསྟུན་རྒྱ་ནག་གཞོན་སྐྱེས་ཚོའི་འཛད་སྤྱོད་བྱེད་སྟངས་དང་སེམས་ཁམས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པའི་སྐོར་དང་།རྒྱ་ནག་གི་དཔལ་འབྱོར་ཐད་སྤྱི་ནས་བགྲོ་གླེང་ཞུ་རྒྱུ་ཡིན།།
Show more...
9 months ago
23 minutes 30 seconds
ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།
བདུན་ཕྲག་གཅིག་ལ་ཐེངས་གཉིས་རེ་ཡོད་པའི་བརྙན་འཕྲིན་ལས་རིམ་འདི་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོར་ཆེད་དུ་བསྒྲིགས་པའི་གཟའ་འཁོར་གཅིག་གི་གསར་འགྱུར་ཡིན་པ་དང༌། ཀུན་གླེང་ནི་བརྗོད་གཞི་སྣ་ཚོགས་ཀྱི་ཐད་གནས་འདྲི་དང་བགྲོ་གླེང་བྱེད་པའི་ལེ་ཚན་ཞིག་ཡིན།