Home
Categories
EXPLORE
True Crime
Comedy
Business
Society & Culture
Health & Fitness
Sports
Technology
About Us
Contact Us
Copyright
© 2024 PodJoint
00:00 / 00:00
Podjoint Logo
US
Sign in

or

Don't have an account?
Sign up
Forgot password
https://is1-ssl.mzstatic.com/image/thumb/Podcasts126/v4/05/8a/63/058a63ba-4020-c3f6-77a7-eee514abaf71/mza_14077569983236409990.png/600x600bb.jpg
Jhakhang
Jhakhang
17 episodes
1 month ago
Jhakhang is a venue where a group of friends get together from time to time to discuss global issues and social phenomena that might interest Tibetan audiences. From art and culture to politics and society, we discuss a wide range of topics that have implications and consequences for the Tibetan world.་ || ཇ་ཁང་ནི་དུས་ནས་དུས་སུ་གྲོགས་པོ་ཚོ་ལྷན་འཛོམས་ཀྱིས། བོད་རིགས་མང་ཚོགས་ཀྱི་དོ་དབྱིངས་ཡོད་སའི་རྒྱལ་སྤྱིའི་གནད་དོན་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་སྐོར་ལ་གྲོས་བསྡུར་བྱེད་སའི་གླེང་སྟེགས་ཤིག་ཡིན། འདི་རུ་ང་ཚོས་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་འཇོག་གཞིའི་སྒྱུ་རྩལ་དང་རིག་གཞུང་། ཆབ་སྲིད་ནས་སྤྱི་ཚོགས་བར་གྱི་གཞི་རྒྱ་ཆེ་བའི་བརྗོད་དོན་སྣ་མང་ཐོག་གོ་བསྡུར་དང་ཁ་བརྡ་བྱེད་ཀྱི་ཡོད།
Show more...
Society & Culture
RSS
All content for Jhakhang is the property of Jhakhang and is served directly from their servers with no modification, redirects, or rehosting. The podcast is not affiliated with or endorsed by Podjoint in any way.
Jhakhang is a venue where a group of friends get together from time to time to discuss global issues and social phenomena that might interest Tibetan audiences. From art and culture to politics and society, we discuss a wide range of topics that have implications and consequences for the Tibetan world.་ || ཇ་ཁང་ནི་དུས་ནས་དུས་སུ་གྲོགས་པོ་ཚོ་ལྷན་འཛོམས་ཀྱིས། བོད་རིགས་མང་ཚོགས་ཀྱི་དོ་དབྱིངས་ཡོད་སའི་རྒྱལ་སྤྱིའི་གནད་དོན་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་སྐོར་ལ་གྲོས་བསྡུར་བྱེད་སའི་གླེང་སྟེགས་ཤིག་ཡིན། འདི་རུ་ང་ཚོས་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་འཇོག་གཞིའི་སྒྱུ་རྩལ་དང་རིག་གཞུང་། ཆབ་སྲིད་ནས་སྤྱི་ཚོགས་བར་གྱི་གཞི་རྒྱ་ཆེ་བའི་བརྗོད་དོན་སྣ་མང་ཐོག་གོ་བསྡུར་དང་ཁ་བརྡ་བྱེད་ཀྱི་ཡོད།
Show more...
Society & Culture
Episodes (17/17)
Jhakhang
བོད་ཕྱི་ནང་གཉིས་ཀྱི་ད་ལྟའི་བོད་སྐད་ཡིག་གི་གནས་སྟངས་ཅི་འདྲ་ཡིང་མིན་ཐད་ཁ་བརྡ།

ཇ་ཁང་གི་ཁ་བརྡ།

ད་ཐེངས་ང་ཚོས་བོད་ཕྱི་ནང་གཉིས་ཀྱི་ད་ལྟའི་བོད་སྐད་ཡིག་གི་གནས་སྟངས་ཅི་འདྲ་ཡིན་མིན་ཐད་ཁ་བརྡ་བྱས་ཤིང་། གཙོ་བོ་བོད་ཀྱི་སྐད་ཡིག་ལ་ཉམས་ཆག་ཆེན་པོ་ཞིག་བྱུང་བཞིན་པའི་སྐབས་འདིར་ཅི་ལྟར་སྲུང་སྐྱོབ་བྱ་དགོས་མིན་དང་། བོད་ཀྱི་ཚོགས་སྡེ་ཁག་དང་མི་སྒེར་བ་རེ་རེ་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་ཐད་ལས་དོན་གང་རུང་སྒྲུབ་རྒྱུའམ། ཡང་ན་ཉི་མ་རེ་རེའི་འཚོ་བའི་ལག་ལེན་གྱི་སྟེང་ནས་བོད་སྐད་བོད་ཡིག་རྒྱུད་འཛིན་བྱེད་ཐབས་ལ་ནུས་པ་ཅི་ལྟར་འདོན་དགོས་མིན་སོགས་གླེང་ཡོད།


This podcast explores the current state of the Tibetan language both inside Tibet and in exile communities. Through candid discussion, it highlights the challenges of preservation and the vital role Tibetans, individually and collectively, can play in keeping their language alive through education, daily use, and creative expression.


Show more...
6 months ago
39 minutes 47 seconds

Jhakhang
༄། རྒྱལ་སྤྱིའི་འབྲེལ་ལམ་བར་གྱི་བོད་དོན།

༄། རྒྱལ་སྤྱིའི་འབྲེལ་ལམ་བར་གྱི་བོད་དོན།

Show more...
6 months ago
1 hour 15 minutes 10 seconds

Jhakhang
༢༠༢༤ལོའི་ནོ་སྦེལ་གཟེངས་རྟགས་དང་འབྲེལ་ནས། དཔལ་འབྱོར་ཡར་རྒྱས་དང་། རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་ཇུས་སོགས་གླེང་བ།

ལེ་ཚན་འདིའི་ནང་འབུམ་རམས་པ་བསྟན་རྡོར་དང་། འབུམ་རམས་པ་ཚེ་དབང་རིག་འཛིན་གཉིས་ཀྱིས་ཕྱི་ལོ་༢༠༢༤་ལོའི་ནོ་སྦེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་དང་འབྲེལ་ནས་བགྲོ་གླེང་གནང་ཡོད། དེ་ཡང་གཙོ་བོ་ད་ལོའི་གཟེངས་རྟགས་ཐོབ་མཁན་ཁོང་གིས་འཛམ་གླིང་སྟེང་གི་རྒྱལ་ཁབ་འགའ་ཞིག་ལ་འབྱོར་ཕྱུག་ཆེན་པོ་ལྡན་ནའང་རྒྱལ་ཁབ་འགའ་ཞིག་སྔར་བཞིན་ཉམ་ཐག་གི་ངང་དུ་གནས་ཡོད་པའི་རྒྱུ་མཚན་གསལ་བཀྲོལ་བྱས་ཡོད་པའི་གནས་ཚུལ་དང་། གཞན་སྙན་གྲགས་ཅན་གྱི་དཔལ་འབྱོར་རིག་པའི་མཁས་དབང་ཚོས་གཏན་ལ་ཕབ་པའི་རིག་པའི་རྣམ་གཞག་སྤྱད་ནས་རྒྱ་ནག་གིས་བོད་ལ་ལག་བསྟར་བྱེད་བཞིན་པའི་དཔལ་འབྱོར་ཐད་ཀྱི་སྲིད་ཇུས་ལ་བགྲོ་གླེང་གནང་བ་དང་། སྲིད་ཇུས་འདི་དག་གི་སྒྲོམ་གཞིའི་འོག་ཏུ་བོད་མི་རྣམས་ལ་བཤུ་གཞོག་དང་། ཟུར་འབུད་བྱས་ཏེ་སྤྱི་ཚོགས་ཀྱི་མཐའ་རུ་དེད་ཡོད་པའི་གནས་སྟངས་ལ་དབྱེ་ཞིབ་དང་ཐེར་འདོན་གནང་ཡོད།


2024 Nobel Prize: Prosperity, Inequality, and China’s Tibet Policy

In this episode, Dr. Tendor and Dr.Tsewang Rigzin joined host Kirti Kyab to discuss the significance of the 2024 Nobel Prize in Economic Sciences and its recipient’s groundbreaking contributions to understanding why certain nations prosper while others remain economically poor. Using the framework developed by renowned economists—such as the concepts of extractive and inclusive economic systems—the discussion also delves into China’s economic development policies in Tibet. The episode critically examines how these policies marginalize, exclude, and exploit Tibetans under the development model pursued by China in the region.

Show more...
11 months ago
1 hour 13 minutes 41 seconds

Jhakhang
བརྗོད་མྱོང་མེད་པའི་སྒྲུང་ཞིག་སྟེ། ༡༩༨༩ ལོའི་དྲུག་བཞིའི་ལས་འགུལ་ཁྲོད་ཀྱི་བོད་པའི་སློབ་ཕྲུག

༢༠༢༤ ཟླ་ ༦ ཚེས་ ༤ ཉིན་ནི། རྒྱ་ནག་གི་སློབ་ཕྲུག་དང་མི་དམངས་ཀྱིས་དམངས་གཙོ་དང་རང་དབང་གི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་

ནས་མི་ལོ་༣༥་འཁོར་བའི་ཉིན་མོ་སྟེ། རེ་བ་དང་མངོན་འདོད་རང་མོས་སུ་རྩོད་ལེན་གྱི་ལས་འགུལ་སྟོབས་ཆེན་དེ་ག་རྒྱ་ནག་གཞུང་གིས་

དྲག་གནོན་ཤིང་། ད་ལྟ་གནམ་བདེ་སྒོ་མོ་ཆེ་ཡི་སྡེབ་གསོད་རྗེས་དྲན་ཞེས་པར་ཆགས།

ད་ལན་གྱི༼ཇ་ཁང་༽ལས་ཚན་ནང། ང་ཚོས་དོ་ཁུར་བྱ་ཡུལ་ནི། སྔོན་ཆད་བསྒྲགས་མྱོང་མེད་པའི་མཐོང་ཐོས་མྱོང་གསུམ་ཏེ། ལས་འགུལ་དེའི་ནང་མཉམ་ཞུགས་ཀྱིས་བོད་དང་རྒྱ་རིགས་མ་ཡིན་པའི་སློབ་ཕྲུག་མང་པོ་དམངས་གཙོ་དང་རང་དབང་རྩོད་ལེན་བྱས་ཚུལ་

འགོད་རྒྱུ་ཐག་བཅད་པ་ཡིན། བོད་པ་རང་ལོ་༢༣་ཅན་གྱི་སློབ་ཕྲུག་ཅིག་༡༩༨༩་ལོའི་ལས་འགུལ་ཆེན་པོ་དེ་ཡི་ནང་མཉམ་ཞུགས་བྱས་པའི་

གནས་ཚུལ་ཐོག་མར་ཁྲོམ་བསྒྲགས་བྱས་པར་ཆགས། ལྷག་དོན་བོད་པའི་སློབ་ཕྲུག་དེ་མེ་འཁོར་འབབ་ཚིགས་བཀག་པ་དང་ལན་ཇུ་གྲོང་ཁྱེར་

གྱི་ཡུལ་མི་རྣམས་དང་མཉམ་ཞུགས་བྱས་ཚུལ། བོད་པའི་སློབ་ཕྲུག་རྣམས་ཐད་ཀར་ལས་འགུལ་ཆེན་པོ་དེའི་ནང་མཉམ་ཞུགས་བྱས་ཚུལ་

བཅས་འགྲེལ་བརྗོད་ལྷུག་པོར་གནང་བ་དེས་སྙིང་སྟོབས་དང་སྤོབ་པ་བསྐྱེད་སྲིད། ད་ལན་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱི་ལས་འགུལ་

མཉམ་ཞུགས་བྱས་ཚུལ་གྱི་ལོ་རྒྱུས་འདི་ནི་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་གལ་ཆེ་ཞིང་དོན་སྙིང་ཆེན་པོ་མཆིས་སོ།། །།

Show more...
1 year ago
1 hour 3 minutes 32 seconds

Jhakhang
བོད་དུ་བཙུགས་པའི་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་ངོ་རྒོལ་ལས་འགུལ་སྤེལ་ཚུལ་མདོར་བསྡུས།

རྒྱལ་ལོ་ལགས་ནས་བོད་ནང་བཅའ་སྡོད་སློབ་གྲྭའི་སྐོར་དང་འབྲེལ་བའི་ཉེན་ཁ་རྒྱལ་སྤྱི་ནང་ཞུ་གཏུགས་ལས་འགུལ་སྤེལ་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཚུལ་མདོར་བསྡུས་སུ་བཀྲལ་བར་གཟིགས་ཕེབས་གནང་རོགས།

 Dr. Gyal Lo delivers a concise update on Tibet’s battle against China's Colonial Boarding school system.



Show more...
1 year ago
30 minutes 36 seconds

Jhakhang
གླེང་མོལ་ལེ་ཚན། ༡༣ གཏམ་བཤད། ༣ (Episode 13 | Lecture Series 03)

As continuation from the 2rd lecture, In this lecture, speaker will focus on the issue of how to inform the foundation of Tibetan sociology by addressing:

  • 1) the need of new knowledge;
  • 2) the need of dialectical localization of modern sociology and Tibetan traditional knowledge for Tibetan sociology in:
    • a) conceptual development; b) applicable foundation from Tibetan philosophy;
    • c) the relations of the two realities to modern sociology;
    • d) the notion of structuration as philosophical concept in Tibetan sociology.

བོད་ཀྱི་སྤྱི་ཚོགས་རིག་པ་འཛུགས་བྱེད་ཀྱི་རྨང་གཞི་བརྟག་དབྱེ་ལས། རིག་གཞུང་གསར་བའི་དགོས་མཁོ།

རིག་གཞུང་གསར་བ་དང་སྙིག་དོར་བཅུད་ལེན་གྱི་སྐོར་དང་འབྲེལ།

  • ཀ༽ བསམ་བློའི་རྨང་གཞི།
  • ཁ༽ བོད་ཀྱི་མཚན་ཉིད་རིག་པའི་རྨང་གཞི།
    • ༡༽ཚད་མ་རིག་པ་དང་སྤྱི་ཚོགས་རིག་པའི་རྨང་གཞི།
    • ༢༽བདེན་གཉིས་ཀྱི་རྣམ་བཞག་བཅས་དང་འབྲེལ་བའི་སྤྱི་ཚོགས་རིག་པའི་རྨང་གཞི།
    • ༣༽རྟེན་འབྲེལ་དང་རྟེན་འབྱུང་གཉིས་ཀྱི་ཁྱད་པར་བརྟག་པ་ལས་འཕྲོས་ཏེ་འབྱུང་རྒྱུན་ཞེས་པའི་དོན་སྤྱི་གླེང་བ་བཅས་སོ།
Show more...
2 years ago
55 minutes 23 seconds

Jhakhang
གླེང་མོལ་ལེ་ཚན། ༡༢ གཏམ་བཤད། ༢ (Episode 12 | Lecture Series 02)

འཆད་བྱ། བོད་ཀྱི་སྤྱི་ཚོགས་རིག་པ་འཛུགས་བྱེད་ཀྱི་རྨང་གཞི་བརྟག་དབྱེ་ལས། རིག་གཞུང་གསར་བའི་དགོས་མཁོ།

རིག་གཞུང་གསར་བ་དང་སྙིག་དོར་བཅུད་ལེན་གྱི་སྐོར་དང་འབྲེལ། ཀ༽ བསམ་བློའི་རྨང་གཞི། ཁ༽ བོད་ཀྱི་

མཚན་ཉིད་རིག་པའི་རྨང་གཞི། ༡༽ཚད་མ་རིག་པ་དང་སྤྱི་ཚོགས་རིག་པའི་རྨང་གཞི། ༢༽བདེན་གཉིས་

ཀྱི་རྣམ་བཞག་བཅས་དང་འབྲེལ་བའི་སྤྱི་ཚོགས་རིག་པའི་རྨང་གཞི། ༣༽རྟེན་འབྲེལ་དང་རྟེན་འབྱུང་གཉིས་

ཀྱི་ཁྱད་པར་བརྟག་པ་ལས་འཕྲོས་ཏེ་འབྱུང་རྒྱུན་ཞེས་པའི་དོན་སྤྱི་གླེང་བ་བཅས་སོ།

In this lecture, speaker will focus on the issue of how to inform the foundation of Tibetan sociology by addressing: 1) the need of new knowledge; 2) the need of dialectical localization of modern sociology and Tibetan traditional knowledge for Tibetan sociology in: a) conceptual development; b) applicable foundation from Tibetan philosophy; c) the relations of the two realities to modern sociology; d) the notion of structuration as philosophical concept in Tibetan sociology.


Show more...
2 years ago
55 minutes 31 seconds

Jhakhang
གླེང་མོལ་ལེ་ཚན། ༡༡ གཏམ་བཤད། ༡ (Episode 11 | Lecture Series 01)

Introducing Dr. Gyal Lo's lecture series: Sociology of Tibet.

How should Tibetan society be conceptualized? What has constituted Tibetan society at different stages of development? How have monastic institutions reshaped and restructured Tibetan society? In this lecture series hosted by Jhakhang Podcast, Dr. Gyal Lo will engage with these questions in promoting a sociological understanding of Tibet. The lecture will be delivered in Tibetan.

Dr. Gyal Lo is the author of Social Structuration in Tibetan Society: Education, Society, and Spirituality (Lexington Books, 2021). He was a professor at Yunnan Normal University from 2017 to 2020.

འཆད་བྱ། བོད་ཀྱི་སྤྱི་ཚོགས་གྲུབ་ལུགས་དང་གཞུང་ལུགས་ཀྱི་འགྲེལ་བ་གནང་ཕྱོགས་དང་། དུས་སྐབས་མ་འདྲ་བའི་ནང་གི་སྤྱི་ཚོགས་འཕེལ་ལུགས། དགོན་པ་བོད་རང་གིས་ཉར་བའི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས་རང་གི་སྤྱི་ཚོགས་ལ་ཤུགས་རྐྱེན་སྣ་ཚོགས་ཐེབས་སྟངས་དང་། ལྷག་དོན་བོད་ཀྱི་རགས་པའི་སྤྱི་ཚོགས་སྒྲིག་གཞི་འགྲུབ་བྱེད་དུ་གྱུར་ཚུལ་བཅས་དམིགས་ཡོད་ལ། དེ་དང་ལྷན་ཉན་མཁན་རྣམ་པའི་དྲི་བར་ལན་དང་གྲོས་བརྡུར་ལྷུག་པོ་ཡོང་བའི་རེ་བའང་བཅངས་ཡོད།

སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ནི། ༢༠༡༧་ནས་༢༠༢༠་བར་ཡུན་ནན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཟུར་བ་དང་། བོད་ཀྱི་སྤྱི་ཚོགས་སྒྲིག་གཞིའི་འབྱུང་རྒྱུན་ལས། སློབ་གསོ་དང་། སྤྱི་ཚོགས། གཉུག་སེམས་དད་པ་བཅས་ཀྱི་འབྲེལ་བར་དཔྱད་པ་ཞེས་པའི་བསྟན་བཅོས་ཀྱི་རྩོམ་པ་པོའང་ཡིན།

Show more...
2 years ago
58 minutes 18 seconds

Jhakhang
རྒྱ་ནག་མི་དམངས་ཀྱི་ངོ་རྒོལ།
ཐེངས་འདིའི་ཇ་ཁང་གི་ལེ་ཚན་ནང་། རྒྱ་ནག་གི་རིམས་འགོག་བཀག་སྡོམ་གྱི་སྲིད་ཇུས་ལ་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བཞིན་པའི་སྐོར་ནས་ཡིན། ཉེ་ཆར་ཞིན་ཅང་ཝུའུ་རུའུ་མི་ཆི་རུ་མེ་སྐྱོན་བྱུང་སྐབས། རིམས་འགོག་བཀག་སྡོམ་ལ་རྐྱེན་བྱས་ནས་མི་མང་པོ་རྐྱེན་འདས་སུ་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ། ཧྲང་ཧེ་ནས་གཞུང་གི་སྲིད་ཇུས་འདིར་ངོ་རྒོལ་གྱི་ལས་འགུལ་སྤེལ་མགོ་བརྩམས་ཞིང་། དེ་ནས་པེ་ཅིན་དང་ཧྲང་ཧེ། ཀོང་ཀྲིག ཝུའུ་ཧན་སོགས་གྲོང་ཁྱེར་མང་པོའི་ནང་ཁྱབ་ཡོད་པ་ལྟར། རྒན་རྒྱལ་ལོ་དང་བསྟན་རྡོར་གཉིས་ནས་རྒྱ་ནག་ཏུ་བྱུང་བཞིན་པའི་ལས་འགུལ་འདིའི་ཤུགས་རྐྱེན་དང་། བོད་མིའི་ངོས་ནས་ལས་འགུལ་འདི་ལ་ངོས་འཛིན་ཞུ་ཕྱོགས་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུས་ཡོད།
Show more...
2 years ago
31 minutes 49 seconds

Jhakhang
བསོད་ནམས་ཆོས་སྐྱིད་དང་རྫ་འཕྲིན་ལས་ཀྱིས་སྒོར་གཞས་གླེང་བ།
ཐེངས་འདིའི་ཇ་ཁང་གི་གླེང་བྱ་ནི་སྒོར་གཞས་ཀྱི་སྐོར་ཡིན། དེ་ཡང་ན་གཞོན་ཕོ་མོ་གཉིས་ཀྱིས་སྒོར་གཞས་བརྒྱུད་བོད་ཀྱི་རིག་གནས་དང་ཆབ་སྲིད་ལ་རྒྱུས་མངའ་བྱུང་བའི་སོ་སོའི་ཉམས་མྱོང་ངོ་སྤྲོད་དང་སྦྲགས། སྒོར་གཞས་ནི་བོད་མི་ལྷན་འཛོམས་ཀྱི་སྦྲེལ་ཐག་ལྟ་བུ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བར་གྱི་ཟམ་པ་ལྟ་བུ་ཡིན་པས། འཛམ་གླིང་ས་ཆ་གང་སའི་བོད་མི་རྣམས་ཀྱིས་སྒོར་གཞས་ཀྱི་རིག་གནས་འདིའི་ལེགས་ཆ་བླངས་ནས་བོད་ཀྱི་སྲིད་འབྱོར་རིག་གནས་ཡར་རྒྱས་གཏོང་ཐབས་ཀྱི་རྒྱུ་རུ་འགྱུར་བར་འབད་པ་བྱ་དགོས་པ་སོགས་ཀྱི་ཐད་ནས་བགྲོ་གླེང་བྱས་ཡོད།།
Show more...
2 years ago
41 minutes 51 seconds

Jhakhang
བཅའ་སྡོད་སློབ་གྲྭ་མང་པོ་བཙུགས་ཡོད་པའི་གནས་ཚུལ་ངོ་སྤྲོད།
ཐེངས་འདིའི་ཇ་ཁང་གི་ལེ་ཚན་ནང་དུ་རྒྱ་ནག་གཞུང་གིས་ད་ལྟའི་བར་བོད་ཀྱི་ས་ཁུལ་དུ་བཅའ་སྡོད་སློབ་གྲྭ་མང་པོ་བཙུགས་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་དེ། ད་ལྟའི་བར་བོད་ཀྱི་སློབ་ཕྲུག་ས་ཡ་གཅིག་ལྷག་ལ་བཅའ་སྡོད་སློབ་གྲྭ་བརྒྱུད་ནས་མི་སེར་སྤེལ་བའི་སློབ་གསོ་སྤེལ་བའི་བརྒྱུད་རིམ་ནང་དུ།ལོ་ན་ཆུང་བའི་སློབ་ཕྲུག་མང་པོ་ཞིག་ཕ་མ་དང་ཁ་བྲལ་དུ་བཅུག་ནས་ལུས་སེམས་གཉིས་ལ་དཀའ་ངལ་བཟོས་ཡོད་པ་མ་ཟད། དེང་སྐབས་སློབ་གྲྭ་དེ་དག་གི་ནང་རྒྱ་སྐད་རྒྱ་ཡིག་གི་སློབ་གསོའི་ཐབས་ལམ་རྒྱ་ཁྱབ་ཏུ་སྤེལ་ནས་བོད་པའི་ངོ་བོ་བརླག་ཐབས་བྱེད་བཞིན་པ་སོགས་ཀྱི་འགལ་རྐྱེན་མང་པོ་ཞིག་བྱུང་བཞིན་པས་ན། རྒན་རྒྱལ་ལོ་དང་དཔལ་ལྡན་བསོད་ནམས་གཉིས་ལ་གནས་ཚུལ་འདི་དག་གི་སྐོར་ནས་བཅར་འདྲི་ཞུས་ཡོད།
Show more...
3 years ago
41 minutes 54 seconds

Jhakhang
ཁང་པ་ཉོ་ཚོང་གི་ཐད་བགྲོ་གླེང།
ཐེངས་འདིའི་ལས་རིམ་གྱི་ནང་དུ་ཁང་པ་ཉོ་ཚོང་གི་ཐད་མ་རྩ་གཏོང་ཕྱོགས་ཀྱི་རྨང་གཞིའི་ཤེས་བྱ་ཁག་ཅིག་ངོ་སྤྲོད་བྱས་ཡོད། དེ་ཡང་ཁང་ཚོང་གཉེར་སྐབས་ཁེ་སྤོགས་ཅི་ཙམ་ཡོད་མེད་ལ་རྩིས་རྒྱག་སྟངས་དང་། ཁང་པ་ཉོ་སྐབས་དངུལ་ཁང་ནས་བུན་དངུལ་ལེན་སྟངས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་སོགས་ཀྱི་ཐད་བགྲོ་གླེང་བྱས་ཡོད་ཅིང་། འདིའི་དམིགས་ཡུལ་ནི་བོད་མི་རྣམས་ཀྱིས་ཁང་པ་ཉོ་ཚོང་དང་འབྲེལ་བའི་ཁེ་ཕན་དང་ཉེན་ཁ་ལ་རྒྱུས་ལོན་ཡག་པོ་ཞིག་བྱ་ཐུབ་རྒྱུའི་ཆེད་དུ་ཡིན།།
Show more...
3 years ago
50 minutes 9 seconds

Jhakhang
ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལདང་བོད་ཀྱི་གནས་སྟངས
ཐེངས་འདིའི་ཇ་ཁང་གི་ལས་རིམ་ནང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་པའི་དམག་འཁྲུག་དང་འབྲེལ་ནས་བོད་མི་ཚོར་ཡུག་རེན་གྱི་སར་འཐབ་ཇུས་ཐོག་གི་ཉམས་མྱོང་ཅི་ཞིག་ལེན་རྒྱུ་ཡོད་མེད་དང་། ཡུག་རེན་དང་བོད་ཀྱི་གནས་སྟངས་བར་འདྲ་ས་ཅི་ཞིག་ཡོད་མེད། གཞན་ཡང་འདས་པའི་ལོ་མང་རིང་གི་རྒྱ་ནག་དང་ཨུ་རུ་སུའི་དབང་སྒྱུར་བྱེད་སྟངས་ཞིབ་བསྡུར་གྱིས་བགློ་གླེང་བྱས་ཡོད་ཅིང་། བགྲེ་གླེང་ལས་རིམ་འདིར་བསོད་ནམས་ཆོས་སྐྱིད་དང་། རྫ་འཕྲིན་ལས། བསྟན་རྡོར་བཅས་མཉམ་ཞུགས་གནང་ཡོད།
Show more...
3 years ago
38 minutes 24 seconds

Jhakhang
རིགས་རྒྱུད་དབྱེ་འབྱེད་དང་མི་སེར་སྤེལ་ཡུལ།
ཐེངས་འདིའི་བགྲོ་གླེང་གི་ནང་དུ་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཏུ། བོད་མི་རྣམས་ལ་ཇི་ལྟར་རིགས་རྒྱུད་དབྱེ་འབྱེད་དང་མི་སེར་སྤེལ་རྒྱུའི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་ངོ་སྤྲོད་དང་། ཁོ་ཚོས་བོད་མི་ཚོ་ནི་དམུ་རྒོད་དང་རྗེས་ལུས་རེད་ཅེས་མཐོང་ཆུང་བྱེད་བཞིན་པའི་གནད་དོན་ཁག་ཅིག་ལ་བགྲོ་གླེང་བྱས་ཤིང་། དེ་དང་འབྲེལ་ཏེ་ང་ཚོའི་ངོས་ནས་ཀྱང་མི་རིགས་ཀྱི་སྤོབས་པ་དང་ལོ་རྒྱུས་ཀྱི་དྲན་པ་ཉམས་ཏུ་མ་བཅུག་པར། རྒྱ་གཞུང་གི་རིགས་རྒྱུད་དབྱེ་འབྱེད་སོགས་ཀྱི་བྱ་སྤྱོད་ལ་ཁ་གཏད་འཇལ་རྒྱུ་དང་། ཁྱད་པར་དུ་ནང་ཆོས་སོགས་སྲོལ་རྒྱུན་གྱི་རིག་གནས་རྒྱུད་འཛིན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ཐད་བགྲོ་གླེང་བྱས་ཡོད་དོ།
Show more...
3 years ago
1 hour 6 minutes 56 seconds

Jhakhang
འགུལ་ཆུང་གྲས་ཀྱི་རིགས་ཅི་ལྟར་སྤེལ་དགོས་མིན།
ཐེངས་འདིའི་ཇ་ཁང་གི་ལེ་ཚན་ནང་དུ་ད་ལྟའི་བར་བོད་ནང་དུ་བྱུང་བའི་ལས་འགུལ་གྱི་རིགས་དང་། བོད་མིའི་ཚོགས་སྡེ་མི་འདྲ་བ་ཁག་གི་གྲུབ་སྟངས་བཅས་ལ་རྒྱ་ཆེ་ས་ནས་དབྱེ་ཞིབ་གནང་སྟེ། ཆབ་སྲིད་ཀྱི་བཀག་རྒྱ་དམ་ཅིང་། གུ་དོག་པའི་སྤྱི་ཚོགས་ཁོར་ཡུག་གི་འོག་ཏུ། མི་རྣམས་ཀྱིས་འཚེ་མེད་ཞི་བ་དང་འགལ་རྐྱེན་ཆུང་བའི་སྒོ་ནས་ལས་འགུལ་ཆུང་གྲས་ཀྱི་རིགས་ཅི་ལྟར་སྤེལ་དགོས་མིན་དང་། འཚེ་བ་མེད་པ་དང་མི་བསྟུན་པའི་ལས་འགུལ་གྱི་གོ་དོན། རིག་གནས་དང་སྒྱུ་རྩལ་གྱིས་ལས་འགུལ་ལ་ཤུགས་རྐྱེན་ཐེབས་སྟངས། གཞན་ལས་འགུལ་དེ་རིགས་ཀྱི་ཤུགས་རྐྱེན་དང་གྲུབ་འབྲས་སོགས་ཀྱི་ཐད་ནས་བདེ་ཆེན་སྤེན་པ་དང་བསྟན་རྡོར་གཉིས་ནས་བགློ་གླེང་གནང་ཡོད།
Show more...
4 years ago
45 minutes 50 seconds

Jhakhang
ཆབ་སྲིད་འཐབ་རྩོད་ཀྱི་རྣམ་པ་རིགས་མི་འདྲ་བ་གཉིས།
ངས་འདིའི་ཇ་ཁང་གི་ལེ་ཚན་ནང་དུ། བསྟན་རྡོར་དང་ཀིརྟི་གཉིས་ཀྱིས་སྒེར་ལངས་ཤིག་ཅེས་པའི་དཔེ་དེབ་དང་འབྲེལ་ནས། འཐབ་རྩོད་ཅེས་པར་ཅི་ལྟར་གོ་བ་ལེན་དགོས་མིན་དང་། འཚེ་མེད་ཞི་བའི་འཐབ་རྩོད་ཀྱིས་ནུས་པ་ཅི་ལྟར་ཐོན་གྱི་ཡོད་མེད་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད། ཁྱེད་ཀྱིས་ལེ་ཚན་འདི་བརྒྱུད་ནས་འཐབ་རྩོད་ཅེས་པ་ནི་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་ལས་འགུལ་ལྟ་བུ་གཅིག་པོ་ལ་གོ་བ་ལེན་མི་རིགས་པར། འཐབ་རྩོད་ཅེས་པ་ནི་ཁྱེད་རང་མི་སྒེར་གྱི་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ཙག་ནས་མགོ་བརྩམས་ཆོག་པ་ཞིག་ཡིན་པ་དང་། གཞི་རྒྱ་ཆེ་བའི་འཐབ་རྩོད་ཀྱི་ལས་འགུལ་ཞིག་སྤེལ་སྐབས་གོ་སྐབས་འཛིན་རྒྱུ་གལ་ཆེན་པོ་ཡིན་པ་བཅས་ལ་ངེས་ཤེས་རྙེད་ཐུབ་པ་མ་ཟད། རྒྱ་ཆེ་ཆུང་གི་རྣམ་པ་མི་འདྲ་བའི་ལས་འགུལ་རིགས་གཉིས་ཀྱི་བར་ལ་མེ་ལྕེ་དང་མེ་རོའི་ཚུལ་གྱི་འབྲེལ་བ་དམ་པོ་ཞིག་ཡོད་པའི་གནས་ལུགས་ཀྱང་ཞར་ལ་རྟོགས་ཡོང་ངེས། སྒེར་གཅོད་དང་དྲག་གནོན་ཆེ་བའི་ཆབ་སྲིད་འཛིན་སྐྱོང་གི་འོག་ཏུ་མི་དམངས་ཀྱིས་ཞི་བའི་འཐབ་རྩོད་ཀྱི་ཐབས་ལམ་མང་པོ་ཞིག་ལག་ལེན་དུ་བསྟར་ཐུབ་པ་ཡིན་ན་གཞི་ནས་རྒྱལ་ཁ་ལེན་ཐུབ་བོ།
Show more...
4 years ago
53 minutes 29 seconds

Jhakhang
མ་འཛུགས་སམ་དངུལ་རྩིས་འགྲོ་གྲོན།
ལེ་ཚན་འདིའི་ནང་ང་ཚོས་མ་རྩ་འཛུགས་ཕྱོགས་དང་འགྲོ་གྲོན་གཏོང་ཕྱོགས་ཀྱི་རྨང་གཞིའི་ཤེས་བྱ་ཁག་ཅིག་ངོ་སྤྲོད་བྱེད་རྒྱུ་ཡིན། བྱེས་སུ་ཡོད་པའི་བོད་མི་མང་པ་ོཞིག་ལ་མཚོན་ན་མ་རྩ་འཛུགས་རྒྱུ་ནི་སོ་སོར་འབྲེལ་བ་ཡོད་ཅིང་རྒྱུས་མངའ་མེད་པའི་ཤེས་བྱ་གསར་བ་ཞིག་ཏུ་གྱུར་ཡོད་པས་འདིའི་ཐད་ཀྱི་ཤེས་བྱ་གང་འཚམ་རེ་ངོ་སྤྲོད་བྱེད་རྒྱུ་་གལ་ཆེན་ཏུ་མཐོང་ཞིང་། བོད་མི་རེ་རེའི་དཔལ་འབྱོར་གྱི་ནུས་སྟོབས་ཅི་ཙམ་གྱིས་ཆེ་རུ་ཕྱིན་ན་དེ་ཙམ་གྱིས་ང་ཚོའི་འཐབ་རྩོད་དང་ལས་འགུལ་གྱི་ནུས་པ་རྒྱ་བསྐྱེད་རྒྱུར་མཐུན་རྐྱེན་ཡང་སྐྲུན་ཐུབ་པས། ང་ཚོས་ཚོང་གི་མ་རྩ་འཛུགས་སྐབས་ཀྱི་ཁེ་ཕན་དང་ཉེན་ཁ་ལ་རྒྱུས་ལོན་ངོས་ཟིན་ཐོབ་རྒྱུ་ནི་ལེ་ཚན་འདི་སྒྲུབ་རྒྱུའི་དམིགས་ཡུལ་ཡིན།
Show more...
4 years ago
1 hour 2 minutes 11 seconds

Jhakhang
Jhakhang is a venue where a group of friends get together from time to time to discuss global issues and social phenomena that might interest Tibetan audiences. From art and culture to politics and society, we discuss a wide range of topics that have implications and consequences for the Tibetan world.་ || ཇ་ཁང་ནི་དུས་ནས་དུས་སུ་གྲོགས་པོ་ཚོ་ལྷན་འཛོམས་ཀྱིས། བོད་རིགས་མང་ཚོགས་ཀྱི་དོ་དབྱིངས་ཡོད་སའི་རྒྱལ་སྤྱིའི་གནད་དོན་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་སྐོར་ལ་གྲོས་བསྡུར་བྱེད་སའི་གླེང་སྟེགས་ཤིག་ཡིན། འདི་རུ་ང་ཚོས་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་འཇོག་གཞིའི་སྒྱུ་རྩལ་དང་རིག་གཞུང་། ཆབ་སྲིད་ནས་སྤྱི་ཚོགས་བར་གྱི་གཞི་རྒྱ་ཆེ་བའི་བརྗོད་དོན་སྣ་མང་ཐོག་གོ་བསྡུར་དང་ཁ་བརྡ་བྱེད་ཀྱི་ཡོད།